ཟླ་12ཚེས་3ཉིན་གྱི་ཆུ་ཚོད་10དང་སྐར་མ་58ཙམ་ལ། ཀྲུང་གོ་ཤར་ཕྱོགས་མཁའ་འགྲུལ་ཀུང་སིས་གསར་དུ་ནང་འདྲེན་བྱས་པའི་C919རྟགས་ཅན་གྱི་MU5421ཡི་གནམ་གྲུ་དགུ་པ་སྟེ། “ཧྲང་ཧའེ་ཧུང་ཆའོ་ནས་ཁྲུང་ཆིང”བར་འཕུར་བའི་དུས་གཏན་གནམ་གྲུ་ཁྲུང་ཆིང་གི་ཅང་པེ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་དང་བསྟུན་ནས་རྒྱལ་ཐོན་གནམ་གྲུ་ཆེན་པོ་C919རྟགས་ཅན་གྱི་ཁྲུང་ཆིང་གི་ཚོང་ལས་དུས་གཏན་གནམ་གྲུ་ཐོག་མ་དངོས་སུ་འཕུར་བ་མཚོན། འདི་ནི་ཁྲུང་ཆིང་ཅང་པེ་རྒྱལ་སྤྱིའི་གནམ་ཐང་དུ“ཆུ་སྟོར་མཛད་སྒོ”གཉེར་ནས་རྒྱལ་ཐོན་གནམ་གྲུ་ཆེན་པོ་C919རྟགས་ཅན་གྱི་ཁྲུང་ཆིང་གི་ཚོང་ལས་དུས་གཏན་གནམ་གྲུའི་འགྲུལ་སྐྱེལ་གནམ་གྲུ་དང་པོ་བསུ་བཞིན་པ།