ཉེ་བའི་ལོ་ཤས་རིང་། སྐྱེ་ཁམས་ཁོར་ཡུག་ལེགས་གཏོང་དང་སྲོག་ཆགས་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་སྦྲགས། ཅང་སུའུ་ཞིང་ཆེན་ཏཱ་ཧྥེང་རྒྱལ་ཁབ་རིམ་པའི་ཤྭ་བ་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཤྭ་བ་རྒྱུད་སྤེལ་གྱི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། 2024ལོར་ཏཱ་ཧྥེང་རྒྱལ་ཁབ་རིམ་པའི་ཤྭ་བ་རང་བྱུང་སྲུང་སྐྱོང་ཁུལ་དུ་ཤེའུ་མགོ་གྲངས་825ཟིན་ནས་རིགས་ཁྱུའི་གྲངས་འབོར་མགོ་གྲངས་8200ལྷག་ཙམ་བར་མང་དུ་ཕྱིན་པའི་ནང་རི་སྐྱེས་ཤྭ་བའི་རིགས་ཁྱུའི་མགོ་གྲངས་3500ཟིན་ཞིང་། འདི་ནི་ཅང་སུའུ་ཞིང་ཆེན་ཏཱ་ཧྥེང་རྒྱལ་ཁབ་རིམ་པའི་ཤྭ་བ་རང་བྱུང་སྲུང་སྐྱོང་ཁུལ་ནས་པར་བླངས་པའི་ཤྭ་བ་ཡིན་པ།