ཉེ་བའི་ལོ་ཤས་རིང་། ཀན་སུའུ་ཞིང་ཆེན་ཅ་ཡུས་ཀོན་གྲོང་ཁྱེར་གྱིས་རྒན་རྒོན་སློབ་ཆེན་གྱི་ཁོར་ཡུག་ལེགས་སུ་རྒྱུན་མཐུད་བཏང་ནས། སྔོན་ཐོན་གྱི་སློབ་ཁྲིད་སྒྲིག་ཆས་བཀོད་སྒྲིག་བྱས་པ་དང་སློབ་གནས་མང་དུ་བཏང་བས། དེ་ཉིད་རྒན་རྒོན་རྣམས“རྒས་དུས་ཁྲིད་མཁན་ཡོད་པ། རྒས་དུས་སྦྱོང་རྒྱུ་ཡོད་པ། རྒས་དུས་ལས་རྒྱུ་ཡོད་པ”བཅས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད། མིག་སྔའི་བར་ཅ་ཡུས་ཀོན་གྲོང་ཁྱེར་གྱི་རྒན་རྒོན་སློབ་ཆེན་གྱིས་སློབ་ཁུལ་2དང་ཡན་ལག་སློབ་གྲྭ་3གཉེར་ཡོད་ཅིང་རོལ་དབྱངས་དང་ཞབས་བྲོ། རི་མོ། རིག་གནས་ལོ་རྒྱུས་བཅས་ཀྱི་ཚན་ཁག་4བཙུགས་པར་ཐོ་བཀོད་པའི་སློབ་མ་མི་གྲངས་2400ཙམ་ཟིན་པ་དང་ས་གནས་དེ་གའི་རྒན་རྒོན་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།
འདི་ནི་ཅ་ཡུས་ཀོན་གྲོང་ཁྱེར་གྱི་རྒན་རྒོན་སློབ་ཆེན་དུ་རྒན་རྒོན་སློབ་མས་པི་ཝང་རྒྱུད་གཉིས་མ་དཀྲོལ་སྟངས་སྦྱོང་བཞིན་པ།