འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྗོངས་ཡོངས་ཀྱི་རྒྱལ་སྒྲོལ་ཚོང་ཟོག་ཉོ་ཚོང་ལྟེ་གནས་ཐོག་མ─“བོད་ལ་དགའ”ཞེས་པའི་རྒྱལ་སྒྲོལ་ཚོང་ཟོག་ཉོ་ཚོང་ལྟེ་གནས(གཤམ་དུ་ཉོ་ཚོང་ལྟེ་གནས་ཞེས་བསྡུ་རྒྱུ)བོད་ལྗོངས་དྲ་ཐོག་ཚོང་དོན་ཐོན་ལས་གླིང་དུ་ལས་གཉེར་བྱེད་འགོ་ཚུགས་པ་དེ་ཐོག་ནས་བོད་ལྗོངས་ཀྱིས་རྒྱལ་སྒྲོལ་ཚོང་ཟོག་འཁོར་རྒྱུག་གི་ཁྱབ་ཁོངས་སུ་གོམ་པ་གལ་ཆེན་ཞིག་སྤོས་པ་མཚོན་ཡོད།
ཉོ་ཚོང་ལྟེ་གནས་སུ་འགྲེམས་འཚོང་ཟུང་འབྲེལ་དང། སྡེབ་འཚོང་དང་སིལ་འཚོང་ཟུང་འབྲེལ། ཚོང་ཁང་དང་མཛོད་ཁང་ཟུང་འབྲེལ། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་བཅས་ཀྱི་གཉེར་སྐྱོང་བྱེད་སྟངས་སྤྱད་ཡོད་པ་དང་། ཚོང་ཟོག་གཙོ་བོ་ཡོ་རོབ་དང་ཨ་མེ་རི་ཁ་གླིང་དང་། རི་པིན་དང་ཧན་གོ ཨེ་ཤེ་ཡ་ཤར་ལྷོ་སོགས་ཀྱི་ས་ཁུལ་ནས་དབོར་ཡོང་བ་དང་། རྒྱས་སྤྲོས་མཛེས་བཟོ་དང་། བྱུག་རྫས། དྲི་ཞིམ་ཆུ། ཆང་རག་ལེགས་གྲས། དེ་བཞིན་ཟས་རིགས་དང་བཏུང་བྱ་སོགས་ཀྱི་རིགས་ཆེ་བ་12དང་སྣ་ཁ་6000ཙམ་ཚུད་ཡོད་ཅིང་། ནང་འདྲེན་སྤུས་རྟགས་ཀྱིས་80%ཡན་བཟུང་བས་ས་གནས་དེ་གའི་འཛད་སྤྱོད་པའི་སྤུས་ལེགས་ནང་འདྲེན་ཚོང་ཟོག་གི་དགོས་མཁོ་གནད་ལ་འཁེལ་པོས་བསྐང་རྒྱུ་རེད།