《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月29日

འགྲོ་སྐྱོད་རྣམ་པའི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཞིག

ཉེ་ཆར། མལ་གྲོ་གུང་དཀར་རྫོང་མང་ཚོགས་ཚོགས་པའི་ལས་དོན་པུའུ་ཡིས“འགྲོ་སྐྱོད་ཁྲོད་ཉམས་ལེན་དང་ལག་ལེན་ཁྲོད་འཚར་ལོངས་ཏེ། གཞོན་ནུ་ལོ་ཆུང་གི་བསམ་བློ་ཆབ་སྲིད་ལག་ལེན་གྱི་འགྲུལ་བཞུད”བྱེད་སྒོ་སྤེལ་བ་རེད།

ད་ཐེངས་ཀྱི་བྱེད་སྒོར་ས་གནས་ས་ཐོག་ཏུ་ལྟ་སྐོར་དང་། ཡུལ་དངོས་སུ་ཉམས་ལེན། མཉམ་འགུལ་སྤེལ་རེས་སོགས་ཀྱི་བྱ་ཐབས་བརྒྱུད། བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་དེ་སྤྱི་ཚོགས་ཀྱི་སློབ་ཁང་ཆེ་མོར་རྒྱ་སྐྱེད་བཏང་སྟེ། གཞོན་ནུ་ལོ་ཆུང་ཚོས་ལག་ལེན་ཁྲོད་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་། ཏང་གི་དགོངས་དོན་ཉམས་ལེན། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བཅས་ཐུབ་པར་བྱས་ཡོད།

འདི་ནི་སློབ་མ་ཚོས་བོད་ཁོངས་སྐར་མ་གོ་ལའི་གནམ་དཔྱད་ཁང་དུ་ལྟ་སྐོར་བྱེད་བཞིན་པ།