《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月28日

རིམ་འདས་འདུ་འགོད་ལས“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་གྱི་བདེན་དཔང་བྱས་པ།

ཤིང་ཁང་ཟམ་ཆེན་སྐོར་ལ་བཅར་འདྲི་བྱེད་སྐབས། གསར་འགོད་པ“འཛམ་གླིང་གི་ཨང་དང་པོ”དང་། “རྒྱལ་ནང་གི་ཐེངས་དང་པོ” “ཞིང་ཆེན་ནང་ཁུལ་གྱི་ཐེངས་དང་པོ”བཅས་ཀྱི་ངོ་མཚར་རེ་རེར་ཧ་ལས་ཤིང་ཧང་སངས་བྱུང་། དེ་དག་ལས་ལས་གྲྭ་འཛུགས་སྐྲུན་ལ་འཕྲད་པའི་དཀའ་གནད་སྣ་ཚོགས་མངོན་པ་དང་ཡག་ཐོག་ཡག་བརྩེགས་དང་འབད་འཐབ་གསར་གཏོད་ཀྱི་འཛུགས་སྐྲུན་པའི“བཟོ་བོའི་སྙིང་སྟོབས”ཀྱང་མངོན་གྱི་ཡོད།

རྙོག་འཛིང་ཆེ་བའི་ཨར་ལས་ཁོར་ཡུག་འཕྲད་སྐབས་འཛུགས་སྐྲུན་པ་ཚོས་ལས་ལ་འཇོན་པ་དང་། ལག་ཤེས་ལ་བྱང་བ། ལག་ལེན་བསྟར་ཐུབ་པ་བཅས་ཀྱི་ཐོག་ནས་རྒྱུ་སྤུས་བརྟན་སྲུང་སྒོས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་བཅངས་ནས་རང་བྱུང་འོབས་ཆེན་བདེ་ལམ་དུ་བསྐྲུན་ཡོད།

ཟམ་ཆེན་སྟེང་སྐྱོད་སྐབས། ང་ཚོར་ཤིང་ཁང་ཟམ་ཆེན་གྱི་བརྗིད་ཆཌ་ཀྱི་ངོ་མཚར་མྱོང་རོལ་ཐུབ་བྱུང་ལ། འབད་འབུངས་ལྷོད་མེད་དང་ལེགས་སྐྱེས་འབུལ་འདོད་པའི་འཛུགས་སྐྲུན་པ་ཚང་མར་གུས་འདུད་ཀྱང་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་ང་ཚོར“ལམ་གཉིས་ཀྱི་སྙིང་སྟོབས”མུ་མཐུད་རྒྱུན་འཛིན་དང་རྒྱུན་ཆད་མེད་པར་དར་རྒྱས་གོང་འཕེལ་བཏང་སྟེ་འབད་འབུངས་སྟོབས་ཤུགས་གཅིག་ཏུ་སྒྲིལ་བཞིན་ཡོད་པའང་མྱོང་ཚོར་ཟབ་མོ་བྱུང་།