《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月27日

“རིག་ནུས”ཀྱིས“བཅོས་སྐྱོང”ལ་སྐུལ་འདེད་བཏང་བ། གཞི་རིམ་ཉེན་དོན་ལ་རིག་ནུས་ཀྱི“གཤོག་ཟུང”བསྒར་བ།

ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་པའི་ལས་དོན་ཡག་པོ་སྒྲུབ་པའི་འཐབ་ཇུས་སྔར་བས་གཏིང་ཟབ་་ཏུ་གཏོང་བ་དང་། སྤྱི་བདེའི་འཐབ་འཛིང་གི་ནུས་ཤུགས་གསར་མ་གང་མགྱོགས་ཆགས་པ་དང་དེ་ཆེ་རུ་གཏོང་བ། མི་དམངས་ཉེན་རྟོག་པས་ཚན་རྩལ་བྱ་ཐབས་ལ་བརྟེན་ནས་དམག་འཐབ་དང་བཀོལ་སྤྱོད་ཚོད་འཛིན་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་སྤྱི་བདེ་ཅུས་དམའ་དབྱིངས་ཉེན་དོན་ཆེད་དོན་ཚོགས་ཆུང་གིས་ཉེན་རྟོག་པས་སྤྱོད་པའི་མི་མེད་གནམ་གྲུའི་རྩལ་ནུས་སྦྱོང་བརྡར་བྱས་ནས། མི་མེད་གནམ་གྲུའི་འཕུར་རྩལ་མཐོ་ཚད་གསར་པར་སླེབས་པར་བྱས་ཏེ་གཞི་རིམ་ཉེན་དོན་ལ་རིག་ནུས་ཀྱི“གཤོག་ཟུང”བསྒར་བ་རེད།

􀲔 འདི་ནི་མི་དམངས་ཉེན་རྟོག་པས་མི་མེད་གནམ་གྲུ་གཏོང་བའི་ལག་རྩལ་སྦྱོང་བཞིན་པ།

➝ འདི་ནི་མི་དམངས་ཉེན་རྟོག་པས་མི་མེད་གནམ་གྲུ་སྙོམ་སྒྲིག་ཚོད་ལྟ་བྱེད་བཞིན་པ།