→ ཉེ་བའི་ལོ་ཤས་རིང་། ཤང་ཏུང་ཆུས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་ཀོ་བརྙན་ཟློས་གར་སློབ་གྲྭར་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་བ་བརྒྱུད། ཕྲུ་གུ་ཚོས་ཀོ་བརྙན་སྒྱུ་རྩལ་རྒྱུས་ལོན་དང་སྲོལ་རྒྱུན་རིག་གནས་ཀྱི་ངོ་མཚར་ལ་མྱོང་རོལ་བྱས་ནས། སློབ་མའི་དམངས་ཁྲོད་ཀྱི་སྲོལ་རྒྱུན་རིག་གནས་སློབ་སྦྱོང་དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་པའི་སྤྲོ་སེམས་ཀྱང་འཕེལ་བར་བྱས་ཡོད། འདི་ནི་ཅང་ཤིས་ཞིང་ཆེན་ཕིང་ཤང་གྲོང་ཁྱེར་ཤང་ཏུང་ཆུས་ཏུང་ཆའོ་གྲོང་རྡལ་ཅེ་ཐོའུ་སློབ་ཆུང་གི་ཀོ་བརྙན་སློབ་ཚན་ཐོག་ཤང་ཏུང་ཀོ་བརྙན་ཟློས་གར་གྱི་རྒྱུན་འཛིན་པ་མི་རབས་ལྔ་པ་ཏིང་ཡུང་ཧྥ་ཡིས་སློབ་མ་ཚོར་ཀོ་བརྙན་ཟློས་གར་གྱི་འབྱུང་ཁུངས་དང་བཟོ་རྩལ་ངོ་སྤྲོད་བྱེད་བཞིན་པ།