《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月24日

འབྲི་ཆུའི་སྟོད་རྒྱུད་ཀྱི་ཡེར་པ་ཐང་ཆུ་ཤུགས་གློག་ཁང་།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས།

འདི་ནི་ཡེར་པ་ཐང་ཆུ་ཤུགས་གློག་ཁང་བསྐྲུན་ཡུལ་ཡིན་པ།

འདི་ནི་ཡེར་པ་ཐང་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱ་ཡུལ་དུ་རླངས་འཁོར་ནས་ཨར་འདམ་འདོན་བཞིན་པ།

འདི་ནི་ལས་མིས་ཡེར་པ་ཐང་ཆུ་ཤུགས་གློག་ཁང་གི་རགས་ཆེན་རྒྱག་བཞིན་པ།

འདི་ནི་སྐྲུན་བཞིན་པའི་ཡེར་པ་ཐང་ཆུ་ཤུགས་གློག་ཁང་གི་ས་འོག་བཟོ་ཁང་ཡིན་པ།

འདི་ནི་ཡེར་པ་ཐང་ཆུ་ཤུགས་གློག་ཁང་གི་ས་འོག་བཟོ་ཁང་དུ་བཟོ་པས་ལས་ཀ་བྱེད་བཞིན་པ།

མིག་སྔའི་བར། ཡེར་པ་ཐང་ཆུ་ཤུགས་གློག་ཁང་གིས་རྩ་ཆེའི་ཉ་རིགས་གསོ་ཚགས་གློད་གཏོང་ཐེངས་6བྱས་པར། བསྡོམས་ཉ་ཁྲི་130ལྷག་ཙམ་ཟིན་ནས། འབྲི་ཆུའི་སྟོད་རྒྱུད་རྒྱུག་ཁུལ་གྱི་ཆུ་ནང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་དང་བརྟན་པོའི་རང་བཞིན་ལ་སྲུང་སྐྱོང་བྱས་ཡོད། འདི་ནི་ཡེར་པ་ཐང་ཆུ་ཤུགས་གློག་ཁང་གི་ཉ་རིགས་གློད་ས་ཡིན་པ།

འདི་ནི་ཡེར་པ་ཐང་ཆུ་ཤུགས་གློག་ཁང་སྐྲུན་ཡུལ་ཡིན་པ།

འཛུགས་སྐྲུན་བྱེད་བཞིན་པའི་ཡེར་པ་ཐང་ཆུ་ཤུགས་གློག་ཁང་ནི་སི་ཁྲོན་ཞིང་ཆེན་དཔལ་ཡུལ་རྫོང་དང་བོད་རང་སྐྱོང་ལྗོངས་ཀྱི་གོ་འཇོ་རྫོང་འབྲེལ་མཚམས་ཀྱི་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་གཞུང་དུ་ཡོད་ཅིང་། སྤྱིའི་གློག་འདོན་ཤུགས་ཀྲའོ་ཝ་2240ཟིན་པ་དེ་འབྲི་ཆུའི་སྟོད་རྒྱུད་ཀྱི་ཁྲོན་བོད་དུམ་བུའི་གློག་འདོན་ཤུགས་ཆེ་ཤོས་ཀྱི་གློག་ཁང་ཞིག་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གློག་ཁང་སྐྲུན་ཁུལ་གྱི་ཆ་སྙོམས་ས་བབ་སྨི་3000ཟིན་པ་དང་། 2025ལོའི་ཟླ་10པར་ཆུ་གསོག་རྒྱུ་དང་། 2025ལོའི་ཟླ་12པར་འཕྲུལ་ཚན་ཁག་དང་པོ་ནས་གློག་གཏོང་རྒྱུ། 2026ལོར་འཕྲུལ་ཚན་ཚང་མ་ནས་གློག་གཏོང་རྒྱུ་བཅས་ཀྱི་འཆར་གཞི་ཡོད་པ་རེད། ཡེར་པ་ཐང་ཆུ་ཤུགས་གློག་ཁང་ནི་རང་རྒྱལ་གྱི“ནུབ་གློག་ཤར་གཏོང”གི་རྒྱུན་མཐུད་རྟེན་གཞི་དང་ལྷོ་ནུབ་ཆུ་གློག་རྟེན་གཞིའི་འཛུགས་སྐྲུན་ལས་གྲྭ་གལ་ཆེན་ཞིག་ཡིན་ཞིང་། དེ་འཛུགས་སྐྲུན་བྱས་པ་དེས་རང་རྒྱལ་གྱི་ནུས་རྒྱུའི་གྲུབ་ཆ་ལེགས་སུ་གཏོང་བ་དང་བོད་འབྲེལ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།