འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། འདི་ལོ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱིས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དམངས་སྲིད་ལས་དོན་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དབང་པོ་སྐྱོན་ཅན་གྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་ན་སོ་དར་ལ་མ་བབས་པའི་མི་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་སྤྱི་ཚོགས་ཕན་བདེའི་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ། “ཕྱོགས་ཡོངས་དང་། ཟུར་ཚད་མང་བ། ཁྱབ་ཁོངས་ཡངས་པ”བཅས་ཀྱི་ཞབས་འདེགས་མུ་མཐུད་ཞུས་ནས་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་རྒྱུན་ཆད་མེད་པར་བདེ་སྐྱིད་བསྐྲུན་རྒྱུ་རེད།
དབང་པོ་སྐྱོན་ཅན་གྱི་ཕན་བདེ་འགན་སྲུང་ནི་རྨང་གཞིའི་དམངས་འཚོ་འགན་སྲུང་གི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་ཞིང་། བཞད་མཐོང་སྨོན་རྫོང་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱིས་དབང་པོ་སྐྱོན་ཅན་མང་ཚོགས་ཀྱི་སྲིད་ཇུས་འགན་ལེན་དང་། བདེ་ཐང་སླར་གསོའི་ཞབས་ཞུ། ལས་ཞུཌ་ལས་གཏོད་སོགས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས“དམངས་བདེ་དམངས་ཕན”གྱི་ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི་བརྒྱུད་རིམ་སྟབས་བདེ་དང་ལེགས་སུ་གཏོང་བ། དབང་པོ་སྐྱོན་ཅན་ངོས་འཛིན་པའི་གནད་སྨིན་ཅན་དང་མ་ལག་ཅན་གྱི་འཕེལ་རྒྱས་འགན་ལེན་བཅས་བྱས་ཏེ་རིམ་རྩིས་བརྒྱབ་ན། དབང་པོ་སྐྱོན་ཅན་ལ“རྣམ་གྲངས་གཉིས”ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི་355.476སྤྲད་པ་རེད། དབང་པོ་སྐྱོན་ཅན་འགྲོ་སྐྱོད་སྟབས་བདེ་མེད་པའི་གནད་དོན་ཐག་གཅོད་བྱེད་པ་དང་། བདེ་ཐང་སླར་གསོའི་ཞབས་ཞུའི་དགོས་མཁོ་སྐོང་བ། ལས་ཞུགས་ལས་གཏོད་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ལ་མུ་མཐུད་ཤུགས་བརྒྱབ་ནས་རིམ་རྩིས་བརྒྱབ་ན། གཞོཌ་འདེགས་ཡོ་བྱད་སྣ་ཚོགས་ཁྱོན་167སྤྲད་པ་རེད། དབང་པོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོའི་བྱེད་སྒོ་ཁང་དང་གཅེས་སེམས་ཞབས་ཞུའི་ས་ཚིགས་ཁྱོན་ཡོངས་ནས་སྤྱད་དེ་དབང་པོ་སྐྱོན་ཅན་མང་ཚོགས་ལ་སྨན་བཅོས་ཁང་དང་བདེ་ཐང་སླར་གསོའི་སྦྱོང་བརྡར་བྱ་ཡུལ་བསྐྲུན་པ་རེད། དབང་པོ་སྐྱོན་ཅན་གྱི“འགོག་མེད”སྒྱུར་བཀོད་རྣམ་གྲངས་ལག་བསྟར་གཏིང་ཟབ་བྱས་ནས་དུས་འགོའི་གྲལ་བཤེར་བྱས་པ་བརྒྱུད་ཆ་རྐྱེན་འཛོམས་པའི་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་15ལ་འགོག་མེད་སྒྱུར་བཀོད་བྱས་ཏེ་སྒྱུར་བཀོད་མ་དངུལ་ཁྱོན་སྒོར་ཁྲི་52.5སྤྲད་པ་རེད།
བཞད་མཐོང་སྨོན་རྫོང་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱིས“བྱིས་པ་སྔོན་ལ་འཇོག་པའི”རོགས་སྐྱོབ་སྲུང་སྐྱོང་རྩ་དོན་མཐའ་འཁྱོངས་ཀྱིས་རྫོང་གི་ན་སོ་དར་ལ་མ་བབས་པའི་མིའི་རོགས་སྐྱོབ་དང་སྲུང་སྐྱོང་ལྟེ་གནས་ཞབས་ཞུའི་གཞི་རྟེན་དུ་བྱས་ཏེ་སྡེ་ཚན་ཁག་མཉམ་ལས་དང་། ཁྱབ་ཁོངས་ཧྲིལ་པོ་མཉམ་ལས། སྤྱི་ཚོགས་ཀྱི་སྟོབས་ཤུགས་མཉམ་འདྲེས་བཅས་ཀྱི་གསར་གཏོད་རྣམ་པའི་ལས་དོན་མ་ལག་བསྐྲུན་པར་སྐུལ་འདེད་བཏང་ནས་ན་སོ་དར་ལ་མ་བབས་པའི་མིའི་སློབ་གསོ་དྲིལ་བསྒྲཌ་དང་། རོགས་སྐྱོབ་སྲུང་སྐྱོང་། གཅེས་སེམས་ཞབས་ཞུ་བཅས་ཀྱི་ལས་དོན་ཁག་ལ་དམ་འཛིན་ནན་པོ་དང་དམ་འཛིན་ཡག་པོ་བྱས་ཡོད། འདི་ལོ་རྫོང་གི་དྭ་ཕྲུག་41ལ་འཚམས་འདྲིའི་དངུལ་སྒོར་ཁྲི་3.12སྤྲད་པ་དང་། ལྟ་སྐྱོང་བྱེད་མཁན་མེད་པའི་བྱིས་པར་གཞི་རྩའི་འཚོ་བའི་འགན་ལེན་ཁ་གསབ་མ་དངུལ་སྒོར་ཁྲི་1.87སྤྲད་པ། ཆ་རྐྱེན་དང་མཐུན་པ་མ་ཟད་ལྟ་སྐྱོང་བྱེད་མཁན་མེད་པའི་བྱིས་པ(སློབ་ཆེན་སློབ་མ)གཅིག་ལ“ཕུགས་འདུན་སློབ་སྐྱོར”དངུལ་སྒོར་ཁྲི་1སྤྲད་པ་རེད།