ཉིན་ཤས་གོང་། གོང་དཀར་རྫོང་མང་ཚོགས་ཚོགས་པ་ལས་དོན་པུའུ་དང་། རྫོང་སློབ་གསོ་ཅུས(ལུས་རྩལ་ཅུས) རྫོང་རིག་གནས་ཡུལ་སྐོར་ཅུས་བཅས་ཀྱིས་མཉམ་དུ་ལས་བཟོ་དང་མང་ཚོགས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་གཉེར་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ལ་རྐང་རྩེད་སྤོ་ལོ་དང་ཐག་འཐེན་སོགས་ལས་བཟོ་ཚོས་དགའ་པོ་བྱེད་པ་དང་ཞུགས་མང་བའི་རྣམ་གྲངས་16བཀོད་སྒྲིག་བྱས་ཡོད། ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་དུས་ཡུན་ཉིན་5གཉེར་རྒྱུ་དང་ཁྱོན་ལས་བྱེད་པ་དང་། ལས་བཟོ། མང་ཚོགས་བཅས་700ལྷག་ཙམ་ཞུགས་ཡོད་པ་རེད།
འདི་ནི་ལས་བཟོས་ཤོ་རྩེད་འགྲན་བསྡུར་བྱེད་བཞིན་པ།