ཉེ་ཆར། གཟན་རྩྭ་བྱུར་བུར་བླུགས་པའི་ཟོག་འདྲེན་རླངས་འཁོར་ཞིག་གཞིས་རྩེ་གྲོང་ཁྱེར་གཉའ་ནང་རྫོང་དར་རྒྱས་གླིང་གྲོང་ཚོར་འབྱོར་བ་དང་སྒོར་ཁྲི་12ལྷག་ཙམ་རི་བའི་གཟན་རྩྭ་ཏུན་20ལྷག་ཙམ་གྱིས་གྲོང་ཚོ་དེའི་ནོར་ལུག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་ཐུབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། དར་རྒྱས་གླིང་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་སྲིད་གྲོས་ལས་དོན་རུ་ཁག་གིས་བཅར་འདྲི་དང་བརྟག་ཞིབ་བྱས་རྗེས་གྲོང་ཚོའི་མཉམ་ལས་ཁང་གི་དགུན་དུས་གཟན་རྩྭ་མི་འདང་བའི་དཀའ་ངལ་ལ་དམིགས་ནས་ཀྲུང་གོ་ཚན་རིག་ཁང་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་སུའོ(བོད་ལྗོངས་རྩྭ་ལས་ལྟེ་གནས)ལ་འབྲེལ་གཏུག་བྱས་པ་བརྒྱུད་དར་རྒྱས་གླིང་གྲོང་ཚོར་གཟན་རྩྭ་ཞལ་འདེབས་བརྒྱབ་སྟེ་མང་ཚོགས་ཀྱི་དཀའ་ངལ་དངོས་དུས་ཐོག་ཏུ་ཐག་གཅོད་ཐུབ་ཡོད།
↑ འདི་ནི་གཟན་རྩྭ་བྱུར་བུར་བླུགས་པའི་རླངས་འཁོར་དར་རྒྱས་གླིང་གྲོང་ཚོར་འབྱོར་བ།
← འདི་ནི་གྲོང་མི་ཚོས་གཟན་རྩྭ་འབེབས་བཞིན་པ།