《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月20日

ཆུ་རགས་གླིང་སྡེ་ཁུལ་གྱིས།

འཕྲལ་སྡོམ་རུ་ཁག་བཙུགས་ནས་ཡུལ་ཕྱོཌ་ཤིག་གི་དུས་བདེ་བསྲུངས་པ།

ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་ཆུ་རགས་གླིང་སྡེ་ཁུལ་གྱིས་ཀརྨ་ཟོག་འགྲེམས“སྦྲང་བྱེའུ”འཕྲལ་སྡོམ་གདོང་ལེན་རུ་ཁག་བཙུགས་པ་རེད། དཔུང་ཁག་དེ་ནི་སྡེ་ཁུལ་ཏང་ཀྲི་པུའུ་དང་ཁེ་ལས་སོགས་ཕྱོགས་མང་པོའི་སྟོབས་ཤུགས་ལས་གྲུབ་པ་དང་། དེའི་དམིགས་ཡུལ་ནི་གཞི་རིམ་གྱི་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ་དང་བདེ་འཇགས་བརྟན་ལྷིང་གི་ཁོར་ཡུག་བསྐྲུན་ཆེད་ཡིན་ཞིང་། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ལ་མཐོང་ཆེན་བྱས་ནས་མེ་ཟོན་སྒྲིག་ཆས་དང་དངོས་ཟོག་གང་བྱུང་སྤུངས་ཡོད་མེད་ལ་ཞིབ་བཤེར་དང་། ཐོལ་བྱུང་དོན་རྐྱེན་འཕྲད་སྐབས་འཕྲལ་སྡོམ་བརྡ་ལན་སྤྲད་ནས་རོགས་སྐྱོབ་བྱེད་ཀྱི་ཡོད། འདི་ནི“སྦྲང་བྱེའུ”འཕྲལ་སྡོམ་གདོང་ལེན་རུ་ཁག་གིས་མེ་ཟོན་གྱི་འཕྲལ་སྡོམ་ནང་སྦྱོང་བྱེད་བཞིན་པ།