《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月20日

བོད་ལྗོངས་སྲིད་གྲོས་བཙུགས་ནས་ལོ་65འཁོར་བར་རྟེན་འབྲེལ་ཞུ་བའི་ཡིག་རིས་འགྲེམས་སྟོན་དང་ལོ་རྒྱུས་གྲུབ་འབྲས་ཀྱི་འགྲེམས་སྟོན་གཉེར་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་18ཉིན་གནས་ཚུལ་འབྱོར་གསལ། ཚེས་18ཉིན་གྱི་ཕྱི་དྲོར། བོད་ལྗོངས་སྲིད་གྲོས་བཙུགས་ནས་ལོ་65འཁོར་བར་རྟེན་འབྲེལ་ཞུ་བའི་ཡིག་རིས་འགྲེམས་སྟོན་དང་ལོ་རྒྱུས་གྲུབ་འབྲས་འགྲེམས་སྟོན་རང་སྐྱོང་ལྗོངས་སྲིད་གྲོས་སུ་གཉེར་བ་རེད། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་ཚོགས་འདུར་ཞུགས་ནས་ཤིས་ཚིག་གསུངས་པ་དང་། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཚོགས་འདུར་ཞུགས་པ། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཀྲ་ཤིས་ཟླ་བས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

མོང་ཞའོ་ལིན་གྱིས་ཤིས་ཚིག་གསུང་སྐབས། ལོ་65ཡི་རིང་། བོད་ལྗོངས་སྲིད་གྲོས་ཀྱིས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཏང་དང་བློ་སེམས་གཅིག་མཐུན་གྱིས་ཕྱོགས་མཐུན་མདུན་སྐྱོད་བྱས་ནས། བོད་ཀྱི“དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི”འགྱུར་ལྡོག་ཧ་ཅང་ཆེན་པོར་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ལ་སྐུལ་འདེད་གཏོང་རིང་སྲིད་གྲོས་ཀྱི་འགན་འཁྲི་དང་འགན་སེམས་མངོན་པར་བྱས་ཡོད་ཅེས་གསུངས་ཡོད།