《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月20日

ཉིན་ཤས་གོང་། ལས་བྱེད་ལས་བཟོའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ། ཚང་མས་མེ་སྐྱོན་འགོག་ཟོན་གྱི་ཤེས་བྱ་དང་སྲོག་ཐར་རྩལ་ནུས་ཁོང་དུ་ཆུད་ཐུབ་ཆེད། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ལྷ་ས་རྨང་གཞིའི་སྒྲིག་བཀོད་དུམ་བུ་བདེ་འཇགས་ཁོའོ་ཡིས་ལས་བྱེད་ལས་བཟོ་30ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་མེ་ཟོན་བདེ་འཇགས་ཀྱི་འཕྲལ་སྡོམ་ཁ་འགྲེམས་ནང་སྦྱོང་བྱས་པ་དང་། ད་ཐེངས་ཀྱི་ནང་སྦྱོང་བརྒྱུད། ཚང་མས་མེ་ཟོན་གྱི་འཕྲལ་སྡོམ་ཁ་འགྲེམས་དང་། སྲོག་ཐར། མེ་གསོད་ཡོ་བྱད་སྤྱོད་སྟངས་སོགས་ཀྱི་རྩལ་ནུས་ཁོང་དུ་ཆུད་པ་མ་ཟད། མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་རང་འགོག་རང་སྐྱོབ་ཀྱི་འཇོན་ཐང་ཆེ་རུའང་ཕྱིན་ཡོད་པ་རེད།

↑ འདི་ནི་ལས་དོན་པས་མེ་གསོད་ཡོ་བྱད་སྤྱོད་སྟངས་ལ་གསལ་འགྲེལ་བྱེད་བཞིན་པ།

→ འདི་ནི་ལས་བྱེད་ལས་བཟོས་འཕྲལ་སྡོམ་མེ་ཟོན་ནང་སྦྱོང་བྱེད་བཞིན་པ།