《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月17日

༄༅། །རྩེད་གྲོགས་བུ་མོ་ཆུང་ཆུང་།

སྒོ་སྤྲེལ་ངེས་དོན།

ཆར་སྤྲིན་སྨུག་པའི་གསེབ་ཀྱི། །

ལྭ་སྣེ་ཟིལ་ཆུས་བརླན་པའི། །

རྩེད་གྲོགས་བུ་མོ་ཆུང་ཆུང་། །

ལས་ཀྱི་རྨི་ལམ་ཁྱོད་ཡིན། །

ན་ཁའི་བེའུ་ཆུང་རྗེས་ཀྱི། །

མེ་ཏོག་མགོ་རྒྱན་སྤྲས་པའི། །

རྩེད་གྲོགས་བུ་མོ་ཆུང་ཆུང་། །

སྲོག་གི་དོ་ཡ་ཁྱོད་ཡིན། །

ཐང་ཆེན་ནོར་ལྷའི་འདབས་ཀྱི། །

རྫི་གླུ་ཐན་ཐུན་ལེན་པའི། །

རྩེད་གྲོགས་བུ་མོ་ཆུང་ཆུང་། །

བརྩེ་བའི་མར་ལོ་ཁྱོད་ཡིན། །