《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月17日

པར་རིས་གསར་འགྱུར།

རིག་དཔལ་དར་བའི་སློབ་གླིང་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་སློབ་གླིང་གི་རིག་གནས་སྔར་བས་དར་རྒྱས་གཏོང་ཆེད་ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གིས་སློབ་གྲྭར“གྱེར་ཀློག་ཁང”མང་པོ་ཞིག་བཀོད་སྒྲིག་བྱས་ཡོད།

གྱེར་གློག་ཁང་དུ་གྱེར་ཀློག་རྩོམ་ཡིག་སྣ་ཁ་འཛོམས་ལ་དབྱིན་ཡིག་གྱེར་ཀློག་གི་ནང་དོན་ཡང་ཚུད་ཡོད། ཕུན་སུམ་ཚོགས་པའི་གྱེར་ཀློག་ཐོན་ཁུངས་དེ་དག་དགེ་སློབ་ཚོར་གདམ་ག་བྱ་རྒྱུ་ཡོད་པ་མ་ཟད་ད་དུང་བྱེད་སྒོ་དེས་སློབ་གྲྭར་དཔེ་ཀློག་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད།

འདི་ནི་སློབ་མ་ཚོས་གྱེར་ཀློག་ཁང་དུ་དཔེ་དེབ་ཀློག་བཞིན་པ།