རི་ཚོགས་དང་། མཚོ་མཚེའུ། འཁྱགས་རོམ་བཅས་ཀྱིས་ཡོངས་སུ་བསྐོར་བའི་ལ་སྒོ་གྲོང་ཚོ་ནི་ཁྲོན་བོད་ཡུལ་སྐོར་དང་། ཡུན་བོད་ཡུལ་སྐོར། ཇ་རྟའི་གནའ་ལམ་ཡུལ་སྐོར་བཅས་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པས་དེར《ཀྲུང་གོའི་རྒྱལ་ཁབ་ས་ཁམས》དུས་དེབ་ཀྱིས“ཀྲུང་གོའི་གྲོང་ཚོ་མཛེས་ཤོས”ཀྱི་གྲས་སུ་བདམས་ཡོད། ཡུལ་སྐོར་དུ་ཡོང་མཁན་ཇེ་མང་དུ་སོང་བ་དང་བསྟུན་ནས་རི་ཁུག་ཏུ་གནས་པའི་མཛེས་སྡུག་ལྡན་པའི་གྲོང་ཚོ་དེའང་མི་དེ་བས་མང་བས་རིམ་བཞིན་ཤེས་ཚོར་ཐུབ་ཡོད།
དེ་དང་ཆབས་ཅིག་འཁྱགས་རོམ་གྲུབ་ཡུན་རིང་ལ་བསྐྱར་སྐྱེས་མི་ཐུབ་པ་དང་དེའི་སྐྱེ་ཁམས་ཁོར་ཡུག་ཞན་ལ་གནམ་གཤིས་འགྱུར་ལྡོག་ཀྱང་ཆེ་བ་ང་ཚོས་མཐོང་ཐུབ་པ་བྱེད་དགོས། ཡུལ་སྐོར་གསར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོང་གི་འབྲེལ་བ་ཇི་ལྟར་བྱས་ནས་ཐག་གཅོད་ཡག་པོ་བྱེད་པར་ཇུས་འགོད་ནན་ཏན་དང་ཁ་གཏད་ཡག་པོ་གཅོག་དགོས།
གྲོང་མི་བསོད་ནམས་དོན་གྲུབ་ཀྱིས་བརྗོད་པ་ལྟར། ང་ཚོ་ཚང་མར་ཕ་ཡུལ་དྲིལ་བསྒྲགས་ཡག་པོ་བྱེད་པ་དང་ཆབས་ཅིག ལ་སྒོ་འཁྱགས་རོམ་སྲུང་སྐྱོང་ཡག་པོ་བྱེད་པའི་འགན་འཁྲི་དང་འོས་འགན་ཡོད། ས་གནས་དེ་གའི་སྲིད་གཞུང་གིས་བྱ་སྤྱོད་ཧུར་ཐག་སྤེལ་ཏེ། ཕྱོགས་གཅིག་ནས་རང་བྱུང་གི་ཆོས་ཉིད་ལ་བརྩི་འཇོག་གིས་མ་འོངས་སྔོན་དཔག་གི་བྱེད་ཐབས་སྤྱོད་པ་དང་། བྱེད་སྟངས་དང་བྱེད་ཐབས་གསར་གཏོད་བྱེད་པ། ཁོངས་གཏོགས་ཁུལ་གྱི་རྩྭ་ར་དང་། འདམ་ར། འཁྱགས་རོམ་ཚོགས་བཅས་སྲུང་སྐྱོང་བྱས་ཏེ་མཛེས་ལྗོངས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ཡུལ་སྐོར་ཐོན་ཁུངས་སྤྱད་དེ་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ཁོངས་གཏོགས་ཁུལ་གྱི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ནས་མང་ཚོགས་ཚོར་ཡུལ་སྐོར་ཡོང་འབབ་དེ་བས་མང་བ་གཏོད་བཞིན་ཡོད།