འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་11ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར“མཐའ་མཚམས་བུ་ཕྲུག་གི་སེམས་པ་ཏང་ལ་ཕྱོགས། མཐུན་སྒྲིལ་འབད་འཐབ་བྱས་ནས་ལེའུ་གསར་རྩོམ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གཞིས་རྩེ་གྲོང་ཁྱེར་གྱི“ཇོ་རིའི་མང་ཚོགས་ཀྱི་ཁ་རྩལ་མཁས་པའི”འདེམས་སྒྲུག་འགྲན་བསྡུར་ཆེན་པོ་དང“གཞི་རིམ་གྱི་སྒྲོག་འགྲེལ་པ་ཡག་ཤོས་བཅུའི”འདེམས་སྒྲུག་བྱེད་སྒོ་མཇུག་འགྲིལ་བ་རེད།
འགྲན་བསྡུར་དེ་ད་ལོའི་ཟླ་7པར་འགོ་ཚུགས་པ་ནས་བཟུང་གྲོང་ཚོ་དང་གྲོང་ལྷན་གྱིས་འོས་སྦྱོར་དང་། ཤང་དང་གྲོང་རྡལ་གྱིས་འདེམས་སྒྲུག རྫོང་དང་ཆུས་སུ་ཐོག་མའི་འགྲན་བསྡུར་བཅས་བྱས་པ་བརྒྱུད་མཐར་བདམས་ཐོན་པ་62མཐའ་བསྡུར་ནང་ཚུད་ཡོད། མཐའ་བསྡུར་དེ་སྲིད་ཇུས་དང་། གཏམ་རྒྱུད། རིག་རྩལ་བཅས་རིགས་ཆེན་པོ་གསུམ་དུ་ཕྱེ་བ་དང་དུས་ཡུན་ཉིན་གཅིག་དང་ཉིན་ཕྱེད་ཀྱི་འགྲན་བསྡུར་ནང་བདམས་ཐོན་པ་ཚོས་རང་ཉིད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གསོན་ཉམས་དོད་པའི་སྐད་ཆ་དང་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་ཐོག་ནས་གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་མཐུན་སྒྲིལ་འབད་འཐབ་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་གཏོད་པའི་ངོ་མཚར་ཆེ་བའི་མཛེས་རིས་བཀོད་ནས་གཞིས་རྩེའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་ཇོ་མོ་གླང་མའི་བུ་ཕྲུག་གི་དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པའི་ཉམས་འགྱུར་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།