ཉེ་ཆར། གོང་དཀར་རྫོང་མང་ཚོགས་ཚོགས་པའི་ལས་དོན་པུའུ་དང་། རྫོང་སློབ་གསོ་ཅུས(ལུས་རྩལ་ཅུས) རྫོང་རིག་གནས་ཡུལ་སྐོར་ཅུས་བཅས་ཀྱིས་མཉམ་དུ་ལས་བཟོ་མང་ཚོགས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་གཉེར་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ལ་རྐང་རྩེད་སྤོ་ལོ་དང་། ཐག་འཐེན། རྡོ་སྐོར་རྒྱག་པ། བྱེ་ཕད་འགྱོག་པ་སོགས་ལྟ་འདོད་ལ་ཉན་སྤྲོ་བ་དང་ཞུགས་འདོད་པའི་རྣམ་གྲངས་16བཀོད་སྒྲིག་བྱས་ཡོད། ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་ཀྱི་དུས་ཡུན་ཉིན་5ཡིན་པ་དང་། ཁྱོན་ལས་བྱེད་པ་དང་ལས་བཟོ་དང་མང་ཚོགས་700ལྷག་ཙམ་ཞུགས་ཡོད་ཅིང་། འདི་ནི་ལས་བཟོ་རྣམས་ཤོ་རྩེད་འགྲན་བཞིན་པ།