ཉེ་ཆར། ཀྲུང་གོས་རོགས་སྐྲུན་བྱས་པའི་བྷེ་ཨུ་རུ་སུའི་རྒྱལ་སྤྱིའི་ཚད་གཞིའི་ཆུ་རྐྱལ་ཁང་བྷེ་ཨུ་རུ་སུ་ཕྱོགས་ལ་དངོས་སུ་རྩིས་སྤྲད་དེ་སྤྱོད་འགོ་ཚུགས་ཡོད། བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁཱ་ཧྲེན་ཁོ་མཛད་སྒོར་ཞུགས་ཏེ། ཀྲུང་གོ་ཕྱོགས་ལ་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུས་པ་རེད། སྐྲུན་དངོས་དེ་ནི་བྷེ་ཨུ་རུ་སུའི་མི་རིགས་ཀྱི་ཁྱད་ཆོས་ལྟར་ཚོན་མདོག་དཀར་པོ་གཙོ་བོར་བྱས་ཡོད་པ་དང་། སྐྲུན་དངོས་ཀྱི་ཕྱིའི་དབྱིབས་ནི་གཟེ་དབྱིབས་ལྔ་གཅིག་ལ་གཅིག་སྦྲེལ་དུ་འཆར་འགོད་བྱས་པ་དེས་ཀྲུང་བྷེ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མི་ཉམས་ཡུན་གནས་ཡོང་བ་མཚོན་གྱི་ཡོད། འདི་ནི་བྷེ་ཨུ་རུ་སུའི་རྒྱལ་ས་མེན་སི་ཁེ་རུ་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁཱ་ཧྲེན་ཁོ་ཡིས་ཀྲུང་གོས་རོགས་སྐྲུན་བྱས་པའི་བྷེ་ཨུ་རུ་སུའི་རྒྱལ་སྤྱིའི་ཚད་གཞིའི་ཆུ་རྐྱལ་ཁང་སྤྱོད་འགོ་ཚུགས་པའི་མཛད་སྒོར་གསུང་བཤད་གནང་བཞིན་པ།