《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月13日

ལྗོངས་ཡོངས་ཀྱིས་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭར་སྐུལ་འདེད་བརྟན་པོ་བཏང་བ།

ཟླ་9པའི་ཟླ་མཇུག་བར། མ་དངུལ་སྒོར་དུང་ཕྱུར་26.09བཏང་བ་དང་། འཆར་གཞིའི་མ་འཇོག་གི་124.53%ལེགས་གྲུབ་བྱུང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མང་ཚོགས་ཀྱི་སྡོད་ཁང་དང་དམངས་འཚོའི་བྱ་བ་དངོས་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། 2024ལོའི་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གསལ་པོར་བཏོན་དོན། ལྗོངས་ཡོངས་ཀྱིས་དེ་སྔའི་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་ཁང་པ(དུད་ཚང)ཁྲི་3.95གསར་སྐྲུན་དང་མཐུད་སྐྲུན་བྱས་པ་དང་། ཁུལ་ཆུང་རྙིང་པ་38སྒྱུར་བཀོད་བྱས་ནས་དམངས་འཚོ་མུ་མཐུད་འགན་ལེན་དང་ལེགས་སུ་བཏང་ཡོད།

འདི་ལོ་ནས་བཟུང་། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་དམིགས་ཚད་ལས་འགན་ལ་དམིགས་ནས“སྡོད་རྒྱུར་འཚམ་པ”དེ་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བའི་སྟོན་གྲངས་མཐོ་རུ་གཏོང་བའི་ཐབས་ལམ་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་དང“མི་དམངས་མང་ཚོགས་དེ་བས་ལེགས་པའི་ཁང་པར་སྡོད་ཐུབ་པ་བྱ་རྒྱུ”དེ་ལས་ཀའི་གཞི་གནས་སུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་སྣེ་ཁྲིད་ནས་སྤྱི་ཡོངས་ལ་དམ་འཛིན་བྱེད་པ་དང་། རང་འགན་གཙང་སྒྲུབ་བྱེད་པ། རང་འགུལ་ངང་ལས་དོན་སྒྲུབ་པ། དུས་ཚོད་རེའུ་མིག་བཟོ་བ། ལས་ཀའི་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ། བཀོད་གཏོང་ལམ་སྲོལ་དོན་འཁྱོལ་བྱེད་པ། དུས་བཀག་རྗེས་སྙེགས་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་པ། དུས་ཐོག་ཏུ་དབྱེ་ཞིབ་དང་བརྡར་ཤ་གཅོད་པ། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) བརྒྱུད་རིམ་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གྲོང་ཁྱེར(ས་གནས)གྱིས་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུར་མཛུབ་ཁྲིད་བྱས་ཡོད། ཟླ་9པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར་26.09བཏང་བ་དང་། འཆར་གཞིའི་མ་འཇོག་གི་124.53%ལེགས་གྲུབ་བྱུང་བ། དམིགས་ཚད་ལས་འགན་ཚད་བརྒལ་ལེགས་གྲུབ་བྱུང་བ། སྡོད་ཁང་བོགས་གཏོང་གི་ཁ་གསབ་སྒོར་ཁྲི་926.71གནད་སྨིན་ངང་སྤྲད་པ་བཅས་བྱས་པས། མི་6679ཡི་སྡོད་ཁང་གི་དཀའ་ངལ་ཐག་གཅོད་ནུས་ལྡན་བྱུང་བ་དང་དམངས་ཕན་གྱི་བྱ་བ་དངོས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དེ་དང་ཆབས་ཅིག་སྦྲེལ་མཐུད་ཧུར་ཐག་དང་བརྩོན་ལེན་གང་ལེགས་བྱས་པ་བརྒྱུད་དེ་སྔའི་འཆར་གཞི་ལྟར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་38དང་དུད་ཚང་12108སྒྱུར་བཀོད་བྱེད་པའི་རྨང་གཞིའི་ཐོག་ཁུལ་ཆུང་རྙིང་པ་150(ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་པའི་སྒྱུར་བཀོད་ཁུལ་ཆུང་115ཚུད་པ)ཡི་དུད་ཚང་36218ཚང་མ་2024ལོའི་སྒྱུར་བཀོད་འཆར་གཞིའི་ནང་བཅུག་ཡོད། ཟླ་9པའི་ཟླ་མཇུག་བར་ཁྱོན་མ་དངུལ་སྒོར་དུང་ཕྱུར་19.15དོན་འཁྱོལ་བྱས་ཏེ་ཁུལ་ཆུང་76སྐྲུན་འགོ་ཚུགས་ནས་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གཏན་འཁེལ་བྱས་པའི་ཁུལ་ཆུང་རྙིང་པ་38སྒྱུར་བཀོད་བྱེད་པའི་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཚད་བརྒལ་ལེགས་གྲུབ་བྱུང་ཡོད། གྲོང་གསེབ་ཀྱི་དུད་ཚང་5022ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས་དུད་ཚང་4537ལས་འགོ་བཙུགས་ཟིན་པ་དང་དུད་ཚང་3221ལས་མཇུག་འགྲིལ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་ལ་མཛུབ་ཁྲིད་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། རྣམ་གྲངས་འཛུགས་སྐྲུན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ། དོ་དམ་གྱི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་འགན་ལེན་རང་བཞིན་གྱི་སྡོད་ཁང་གི་སྤྱི་ཚོགས་ཀྱི་ཕན་འབྲས་ཡག་པོ་འདོན་རྒྱུ་རེད།

(པ་ཕན་གྱིས་བསྒྱུར། རིག་རྡོར་དང་པ་ཕན་གྱིས་ཞུས)