འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་ཟླ་11ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། མངའ་རིས་ས་ཁུལ་སྒེར་རྩེའི་ནུས་རྒྱུ་གསར་པའི་ཆན་ཧྥུའུ་110ཕྱིར་གཏོང་ལས་གྲྭ་དང་འོད་ཤུགས་གློག་ཤུགས་འཕར་ཚུགས་མཉམ་སྒྲིག་བྱུང་ནས་བདེ་བླག་ངང་གློག་གཏོང་འགོ་ཚུགས་པ་རེད། ལས་གྲྭ་དེར་བསྡོམས་མ་དངུལ་སྒོར་ཁྲི་2488བཏང་བ་དང་འོད་ཤུགས་གློག་ཤུགས་འཕར་ཚུགས་ཀྱི་ཆན་ཧྥུའུ་110ཡི་སྐུད་འབུད་སྒྲོམ་གཞི་ནས་འགོ་བཙུགས་པ་དང་། སྒེར་རྩེའི་ཆན་ཧྥུའུ་110ཡི་གློག་སྒྱུར་ས་ཚིགས་ཀྱི་སྒྲོམ་གཞི་རུ་མཇུག་བསྒྲིལ་བ་རེད།
ལས་གྲྭ་དེ་འཁོར་རྒྱུག་བྱེད་འགོ་ཚུགས་པ་དེས་བོད་ལྗོངས་མངའ་རིས་གློག་དྲའི་ཀྲའོ་ཝ་30(གློག་གསོག་འཕྲུལ་ཆས་སྒྲིག་སྦྱོར)ཙམ་གྱི་གློག་མཁོ་འདོན་བྱེད་ནུས་དང་ཆུ་ཚོད་ཆན་ཝ་ཁྲི་5300ཙམ་གྱི་ནུས་རྒྱུ་གསར་པ་བསྡུ་ལེན་བྱེད་ནུས་ཆེ་རུ་ནུས་ལྡན་ཕྱིན་ནས། འདི་ལོའི་དགུན་དུས་མངའ་རིས་ཀྱི་གྲོང་མིའི་འཚོ་བ་དང་དྲོད་ལེན་གློག་སྤྱོད་ཀྱི་དགོས་མཁོ་སྐོང་ཐུབ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལོ་4ཡི་རིང་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་གློག་རིན་ཆག་པ་དང་ཆབས་ཅིག་གློག་སྤྱོད་པའི་དགོས་མཁོ་མུ་མཐུད་ཆེ་རུ་ཕྱིན་ཡོད། དེར་བརྟེན་མངའ་རིས་ས་ཁུལ་གྱི་ནུས་རྒྱུ་གསར་པའི་ཆན་ཧྥུའུ་110ཕྱིར་གཏོང་ལས་གྲྭ་འཛུགས་སྐྲུན་དེ་ཉིན་རེའི་གྲོས་རིམ་ནང་བཅུག་ནས་2023ལོའི་ཟླ་10ཚེས་5ཉིན་ལས་འགོ་བཙུགས་པ་དང་། 2024ལོའི་ཟླ་6ཚེས་4ཉིན་ལས་མཇུག་འགྲིལ་བ། ཟླ་10ཚེས་15ཉིན་འོད་ཤུགས་གློག་ཤུགས་འཕར་ཚུགས་དང་མཉམ་སྒྲིག་ལེགས་གྲུབ་ཟིན་པ། ཟླ་10ཚེས་31ཉིན་བདེ་བླག་ངང་གློག་བཏང་བ་རེད།