མཚོ་བོད་ས་མཐོའི་ཡངས་པའི་ས་གཞི་འདིར་གསར་འགོད་པས་མཁའ་ལམ་གྱི“ཁྲུང་ཁྲུང”ལྟ་བུའི་ཀེ་ཅུན་གྱི་སྙིང་རུས་དང་བྱམས་བརྩེར་བདེན་དཔང་བྱ་རྒྱུ་བྱུང་བར་དགའ་སྤྲོ་ཆེ། ལ་ཁའི་ཉི་འོད་འོག་སྦྲག་སྐྱེལ་རླངས་འཁོར་ལྗང་ཁུ་དག་ནི་འགུལ་སྐྱོད་བྱེད་བཞིན་པའི་རིན་ཆེན་མར་གད་དང་འདྲ་བར་གསེར་མདོག་གི་གདང་ལ་གྲོང་རྡལ་ལ་མཛེས་རྒྱན་སྤྲས་པ་ལྟར་དུ་སྣང་། སྦྲག་སྐྱེལ་བ་ཀེ་ཅུན་གྱིས་ལོ་བཅུ་ཉིན་གཅིག་ལྟར་ལས་གནས་བརྟན་སྲུང་གིས་རང་ཉིད་ཀྱི་འགན་འཁྲི་དང་ལེགས་སྐྱེས་ལ་གསལ་འགྲེལ་བྱེད་བཞིན་ཡོད། ཁོང་གི་གཏམ་རྒྱུད་ནི་ལམ་ཐག་ལེ་དབར་སྟོང་ཕྲག་བརྒལ་བའི་སྦྲག་སྲིད་ལམ་རྒྱུད་ཀྱི་ངོ་མཚར་ཞིག་རེད་ལ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་གསོན་ཉམས་དོད་པའི་གཏམ་རྒྱུད་ཅིག་དེ་བས་ཀྱང་རེད། ཀེ་ཅུན་དང་གླེང་མོལ་བྱེད་རིང་ཁོང་གིས“མཁའ་ལམ”དེར་བཅངས་པའི་དགའ་ཞེན་དང་། རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ས་མཐོ་སྲུང་བཞིན་ཡོད་པ་གསར་འགོད་པས་གཏིང་ཟབ་ཚོར་བྱུང་།