《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月04日

སྲོལ་རྒྱུན་གྱི་ལག་ཤེས་ཇི་ལྟར་བྱས་ནས་གསོན་ཤུགས་རྒྱས་ཏེ་སྐད་གྲགས་ཆོད་པར་གྱུར་པ་རེད་དམ་ཞེ་ན།

ཤོད་རྒྱུན་ལ་བཙན་པོའི་རྒྱལ་རབས་སུ་དག་པ་གྲོང་ཚོའི་མིང་ལ་ཡེ་ཤེས་རྡོ་རྗེ་ཞུ་བ་ཞིག་གིས་སྟེང་དབང་དུ་འདམ་བག་པུས་མོར་བཀབ་པས་ཕོར་པ་ཞིག་གྲུབ་པ་དང་། དེ་རྗེས་ཁོང་གིས་ཡང་བསྐྱར་བ་གླང་གི་སྣ་གཅུ་དཔེར་བྱས་ནས་ཕོར་པའི་ལུང་བཟོས་པ་རེད། དེ་ནས་བཟུང་དག་པའི་རྫ་ཆས་དང་པོ་དེ་བྱུང་བ་དང་། ཡུལ་དེའི་མི་ཚོས་ཀྱང་རྫ་བཟོའི་ལག་ཤེས་སྦྱངས་པས་རིམ་གྱིས་རྫ་བཟོ་དར་འགོ་ཚུགས། ལག་ཤེས་འདི་མི་རབས་ནས་མི་རབས་ཀྱིས་ད་བར་རྒྱུན་འཛིན་བྱས་ཡོད།

ལག་ཤེས་ཤིག་གསོན་ཤུགས་རྒྱས་པ་དང་སྐད་གྲགས་ཆོད་པར་རྨང་གཞི་ཟབ་མོ་ཞིག་དགོས་ལ། དགོས་མཁོ་གསར་པ་དང་འཚམ་པ་དང་མཛེས་དཔྱོད་ཀྱི་ལྟ་སྣང་གསར་པ་ཡང་འདུས་པར་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དག་པའི་རྫ་བཟོའི་ལག་ཤེས་ཀྱང་དེ་ལས་མ་འདས། ཁོང་ཚོས་སྔར་སྲོལ་ཁོ་ནར་ཞེན་ནས་མ་བསྡད་པར་ཡུལ་གཞན་གྱི་དཀར་ཡོལ་ཐོན་སྐྱེད་ཀྱི་ཉམས་མྱོང་དང་ལག་རྩལ་ལ་དཔེ་བལྟས་ནས་བཟོ་ལྟ་དང་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་བཏང་ཡོད། དག་པའི་རྫ་བཟོའི་ལག་ཤེས་ཀྱི་རིག་གནས་འགྲེམས་སྟོན་ཁང་ནས་སྔ་མོའི་བབ་ཆགས་ལ་ཁུངས་མཐུག་ཅིང་ཚོས་གཅིག་མའི་སྣོད་ཆས་ནས་མཛེས་ཤིང་འཇམ་ཤ་དོད་ལ་བཟོ་ལྟ་སྣ་ཚོགས་ཡོད་པའི་རྫ་དང་དཀར་ཡོལ་མཉམ་བསྲེས་ཀྱི་ཐོན་རྫས་བར་གྱི་སྔ་དེང་གི་འགྱུར་ལྡོག་ལས་གནའ་བོའི་དག་པའི་རྫ་བཟོའི་ལག་ཤེས་ལ་གསོན་ཤུགས་གསར་པ་ཞིག་རྒྱས་པ་ང་ཚོས་གསལ་པོར་མཐོང་ཐུབ། དར་སོ་དང་ཁྲོམ་རར་ཕྱོགས་རྗེས་མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་ནི“ལྟ་སྣང་དོད་ཅིང་སྤུས་ཀ་དག་པའི་ཅ་ལག་ཡག་པོ”ཞིག་ཏུ་འགྱུར་བ་བྱས་ཏེ་མི་སྔར་ལས་མང་བས་དག་པའི་རྫ་བཟོའི་ལག་ཤེས་མཐོང་ཐུབ་པ་དང་དག་པའི་རྫ་བཟོའི་ལག་ཤེས་ལ་དགའ་ཞེན་ཡོང་བར་བྱེད་དགོས།