《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月03日

※ སྒྲོན་མེ་འོད་གསལ་ཡང་།

རང་གི་ཞབས་ར་མི་མཐོང་།

※ ཨ་ཇོ་མདོག་རིས་ཞན་ཡང་།

སྐྱེ་ས་ལྷ་སའི་བར་སྐོར།

※ རྟེན་འབྲེལ་མགོ་ནས་འགྲིག་ན།

བྱ་བ་གཞུག་ནས་འགྲུབ་ཡོང་།

※ ཨ་ཕོ་སྤྱང་ཀི་ཁ་སོ་བུད་ན་ཡང་།

དེ་ཡིས་ཕྱུགས་རིགས་ཟ་སེམས་ག་ལ་དོར།

※ ཁྱི་མོས་མཇུག་མ་མ་བསྒྲིལ་ན།

ཁྱི་ཕོས་རྣ་ཅོག་ཀེར་དོན་མེད།

※ མར་མེ་གཟིམས་ཁར་འོད་ཆེ།

བསོད་ནམས་ཟད་ཁར་འུར་ཆེ།

※ མགོ་རིལ་ཐམས་ཅད་གྲྭ་པ་ཡིན་དོགས་མེད།

གྲི་བཏགས་ཚད་བཤན་པ་ཡིན་དོགས་མེད།

※ སྒོག་པ་ལྐོག་ཏུ་བཟས་ཀྱང་།

སྒོག་དྲི་ངོས་ལ་ཁ་ཡོང་།

※ ཁོག་ནང་ནད་མེད་ན།

གདོང་ལ་དྲེག་པ་འཁོར་དོན་མེད།