《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月31日

གཞི་རིམ་དུ་བོད་སྐྱོར་གྱི་ཐོག་མའི་བསམ་འདུན་མཚོན་པར་བྱས་པ།

—— ཁག་བདུན་པ་དང་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་མཱ་ཅན་གྱི་སྐོར་བཀོད་པ།

ཤུགས་རྐྱེན་ལྡན་པའི་ཡུལ་སྐོར་དྲིལ་བསྒྲགས་ཁྱབ་གདལ་བྱེད་སྒོ་ཐེངས་མང་སྤེལ་བ་དང་། ལྷ་སའི་རྫོང(ཆུས)ཁག“སྐོར་གཅིག་དང་། ཞོར་གཉིས། ཡན་ལག་བཞི”བཅས་དང་སྦྲེལ་མཐུད་བྱེད་པའི“ལྷ་སའི་བྱང་ཕྱོགས་ཡུལ་སྐོར་ལམ་ཐིག”ཐོག་མར་བཏོད་པ། ལྷ་སའི་དམའ་འཕུར་སོགས་ཡུལ་སྐོར་ཐོན་རྫས་མེད་པ་ནས་ཡོད་པའི་བར་འགྱུར་ལྡོག་བྱུང་ཡོད།

ལོ་དྲུག་གི་བོད་སྐྱོར་དུས་ཚོད་ནང་། ཅང་སུའུ་ཞིང་ཆེན་གྱི་ཁག་བདུན་པ་དང་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་མཱ་ཅན་གྱིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་བོད་སྐྱོར་གྱི་ཐོག་མའི་བསམ་འདུན་ལྷ་སའི་ས་ཕྱོགས་གང་སར་མངོན་པར་བྱས་ཡོད།

2013ལོ་ནས་2019ལོ་བར། བོད་སྐྱོར་བྱེད་རིང་། མཱ་ཅན་གྱིས་ཅང་སུའུ་ཡི་ཡུལ་སྐོར་འཕེལ་རྒྱས་ཀྱི་ཉམས་མྱོང་བཟང་པོ་དང་ལྷ་སའི་ཁྱད་ལྡན་ཐོན་ཁུངས་མཉམ་འདྲེས་བྱས་ཏེ། ལྷ་སའི་ཡུལ་སྐོར་ལས་རིགས་ལ་གསོན་ཤུགས་གསར་པ་བསྣན་པས་2019ལོར་བོད་རང་སྐྱོང་ལྗོངས་ཀྱི“ཕུལ་བྱུང་བོད་སྐྱོར་ལས་བྱེད་ཤེས་ལྡན་པའི”མཚན་སྙན་ཐོབ་པ་རེད།

མཱ་ཅན་གྱིས“ཉ་སྟེར་བ་ལས་ཉ་འཛིན་སྟངས་སློབ་ན་དགའ”ཞེས་པ་མཐའ་འཁྱོངས་ཀྱིས་རིག་སྟོབས་བོད་སྐྱོར་གྱི་ནུས་པ་ཡག་པོ་བཏོན་ནས་ལྷ་སའི་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས་ཡོད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) རོགས་སྐྱོར་བྱ་ཡུལ་ཚན་པར་སླེབས་རྗེས་མཱ་ཅན་གྱིས་ལྷ་སའི་འཐབ་ས་དང་པོར་བརྟག་ཞིབ་བྱས་ནས་ས་གནས་དེ་གའི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་རང་འགུལ་ངང་ལས་རོགས་དང་སྙིང་གཏམ་ཤོད་རེས་བྱས་པ་མ་ཟད། བརྟག་དཔྱད་བྱས་ཚེ་གཞི་ནས་སྐད་ཆ་ཤོད་དབང་ཡོད་པ་མཐའ་འཁྱོངས་བྱས་ཏེ་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་འཇོག་ཐོབ་པར་བྱས་ཡོད།

ཡུལ་སྐོར་དྲིལ་བསྒྲགས་ཁྱབ་གདལ་གྱི་ལས་དོན་ལ་ཁག་བགོས་དོ་དམ་བྱེད་རིང་། བྱེད་སྒོ་སྤེལ་སྐབས་ཕྱོགས་གསུམ་པར་བརྟེན་དྲགས་པའི་དོན་དངོས་ལ་དམིགས་ནས་མཱ་ཅན་གྱིས་སྣེ་འཁྲིད་དེ་མཚམས་སྦྱོར་དང་དྲིལ་བསྒྲགས་པ་ཡག་པོ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཡོད། “བརྒྱུད་རོགས་ཁྲིད་གསུམ”གྱི་ནུས་པ་འདོན་རྒྱུར་སྣང་ཆེན་བྱས་ཏེ། འབྲེལ་ཡོད་ཚན་ཁག་གི་སྣེ་འཁྲིད་དེ་རྒྱབ་ཕྱོགས་ནས་མདུན་ཕྱོགས་སུ་ལས་དོན་སྒྲུབ་པར་བསྐྱོད་དེ། སྒྲིག་འཛུགས་པ་དང་དྲིལ་བསྒྲགས་པ་གཉིས་ཀ་ཡག་པོ་བྱས་ནས། དྲིལ་བསྒྲགས་ཀྱི་དམིགས་ཚད་དང་ལས་འགན་སྔར་བས་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་ཡོད།

རེས་སྐོར་གཉིས་པའི་བོད་སྐྱོར་ལས་དོན་ཁྲོད། མཱ་ཅན་གྱིས་ལྷ་སའི་ཡུལ་སྐོར་འཆར་འགོད་དང་རྣམ་གྲངས་འཛུགས་སྐྲུན་གྱི་འགན་འཁུར་ཡོད། ལྷ་སའི་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་བོད་སྐྱོར་ཡུལ་སྐོར་རྣམ་གྲངས་འཛུགས་སྐྲུན་ལ་ཐབས་ཇུས་ཀྱི་གཞི་འཛིན་ས་མཁོ་འདོན་བྱེད་ཆེད། ཁོང་གིས་ཤང་དང་གྲོང་རྡལ་ཚང་མར་ཟབ་འཇུག་དང་གྲོང་ཚོ་ཚང་མར་ཟབ་སྐྱོད་བྱས་ཏེ་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞིའི་ཡིག་རིགས་འཚོལ་བསྡུ་བྱས་ནས《ལྷ་སའི་ཡུལ་སྐོར་ལམ་ཐིག་གི་སྤྱིའི་ཇུས་འགོད་དང་གལ་ཆེའི་མཚམས་ཚིགས་ཇུས་འགོད》སྒྲིག་བཟོ་བྱེད་པར་སྲ་ཞིང་བརྟན་པའི་གྲངས་གཞིའི་རྒྱབ་སྐྱོར་བརྟན་པོ་མཁོ་འདོན་བྱས་ཡོད། ལྷ་སའི་རྫོང(ཆུས)ཁག“སྐོར་གཅིག་དང་། ཞོར་གཉིས། ཡན་ལག་བཞི”བཅས་དང་སྦྲེལ་མཐུད་བྱེད་པའི“ལྷ་སའི་བྱང་ཕྱོགས་ཡུལ་སྐོར་ལམ་ཐིག”ཐོག་མར་བཏོད་པས། ལྷ་སའི་ཡུལ་སྐོར་ཐོན་རྫས་གྲོང་ཁྱེར་ནས་གྲོང་གསེབ་བར་སྣུར་སྲིང་ཐུབ་སྟེ་ལྷ་སའི་གྲོང་གསེབ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད། ལྗོངས་ཕྱི་ནང་གི་མཉམ་ལས་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུ་ནི་བོད་སྐྱོར་ལས་བྱེད་པའི་ལས་འགན་དང་འགན་འཁྲི་ཞིག་ཡིན་ཞིང་། ཡུལ་སྐོར་བོད་སྐྱོར་ལ་དམིགས་བསལ་གྱི་ལེགས་ཆ་དེ་བས་ལྡན་ཡོད། མཱ་ཅན་གྱིས་ལྷ་སའི་རིག་གནས་ཡུལ་སྐོར་ཁེ་ལས་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་ལྗོངས་ཕྱིའི་འགྲུལ་ཁུངས་གཙོ་བོ་ཡོད་སར་ཡུལ་སྐོར་གྱི་དྲིལ་བསྒྲགས་དང་བྲིན་ཚོང་བྱེད་སྒོ་སྤེལ་ནས་ལྷ་སའི་འཕེལ་རྒྱས་ཀྱི་གནས་ཚུལ་གླེང་སྟེ་ལྗོངས་ཕྱིའི་མི་རིགས་ཁག་གི་མང་ཚོགས་ཀྱིས་བོད་ཀྱི་འགྱུར་ལྡོག་ཆེན་པོ་ཤེས་རྟོགས་ཐུབ་པར་བྱས་ཡོད། “ནང་དུ་གདན་དྲངས་པའི”བྱེད་ཐབས་སྤྱད་དེ་རིག་སྟོབས་བོད་སྐྱོར་གྱི་མ་དངུལ་གང་ལེགས་སྤྱད་ནས་ཅང་སུའུ་དང་དེ་བཞིན་ཉེ་འཁོར་ཞིང་ཆེན་གྱི་ཡུལ་སྐོར་རིགས་གཅིག་མཁས་ཅན་ལྷ་སར་གདན་དྲངས་ཏེ་ཡུལ་སྐོར་ཁེ་ལས་ལ་གསོལ་མགྲོན་ཁང་གི་ཞབས་ཞུ་དང་། ཡུལ་སྐོར་ལས་དོན་ཁང་གི་ཞབས་ཞུ། བདེ་འཇགས་དོ་དམ་སོགས་ཀྱི་ཞབས་ཞུའི་རྩལ་ནུས་འཆད་ཁྲིད་བྱས་པར་ཁྱོན་བསྡོམས་མི་1500ལྷག་ཙམ་གསོ་སྦྱོང་ལ་ཞུགས་ཡོད།

དེ་དང་ཆབས་ཅིག “ཕྱིར་སྐྱོད་པའི”བྱེད་ཐབས་སྤྱད་དེ་རྒྱབ་ཕྱོགས་ཚན་པའི་རྒྱབ་སྐྱོར་ཤུགས་ཆེན་འོག་ལོ་ལྟར་རྫོང(ཆུས)གི་རིག་གནས་ཡུལ་སྐོར་སྡེ་ཚན་དང་། སྣེ་འདྲེན་ཁེ་ལས། གྲོང་གསེབ་ཀྱི་ཡུལ་སྐོར་སྣེ་ཁྲིད་པ་བཅས་སྒྲིག་འཛུགས་བྱས་ནས་ཅང་སུའུ་རུ་གསོ་སྦྱོང་བྱེད་པར་མངགས་པ་དང་། རིམ་རྩིས་བརྒྱབ་ན། ཡུལ་སྐོར་སྲིད་འཛིན་ལས་བྱེད་པ་དང་ཕྱུག་འགྱུར་སྣེ་ཁྲིད་པ་200ཙམ་ལ་གསོ་སྦྱོང་བྱས་ཡོད། རང་འགུལ་ངང་ཅང་སུའུ་ཡི་འགྲིམ་འགྲུལ་རླུང་འཕྲིན་དྲ་བ་དང་འབྲེལ་བ་བྱས་ནས་ས་གནས་དེ་གའི་འཁོར་ཁྲིད་ཡུལ་སྐོར་ཚོགས་པ་བོད་དུ་ཡུལ་སྐོར་ལ་ཡོང་བའི་ནང་དོན་ཕུན་སུམ་ཚོགས་སུ་བཏང་སྟེ་གྲོང་གསེབ་དང་སློབ་གྲྭར་བསྐྱོད་ནས་སྤེལ་རེས་དང་རོགས་སྐྱོར་གྱི་བྱེད་སྒོ་སྤེལ་ཡོད།

བོད་སྐྱོར་ལོ་དྲུག་བྱེད་རིང་མཱ་ཅན་གྱིས་བློ་གྲོས་དང་དཀའ་སྤྱད་ལ་བརྟེན་ནས་ལྷ་སའི་ཡུལ་སྐོར་ལས་རིགས་དར་རྒྱས་གོང་འཕེལ་ཡོང་བར་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད་ལ། བོད་སྐྱོར་ལས་བྱེད་པའི་སྤྲོ་སེམས་དང་ཕུགས་འདུན་གྱི་མེ་ཏོག་ལྷ་སའི་རི་ཀླུང་ཀུན་ལ་ཁྲ་ཆིལ་ལེར་བཞད་པར་བྱས་ཡོད།

(བསྟན་བློ་དང་པ་ཕན་གྱིས་སྒྱུར་ཞུས་བྱས)