《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月30日

ཉེ་ཆར། མཚོ་སྣ་གྲོང་ཁྱེར་སྦྱོར་ར་ཤང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སུའོ་ཡི་བུད་མེད་དང་བླངས་ཞབས་ཞུ་རུ་ཁག་གིས“དགུ་པའི་ཚེས་དགུའི་དུས་ཆེན་གྱི་རྒན་བཀུར་བརྩེ་སེམས་ཟབ་མོ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད། དང་བླངས་པ་ཚོ་སྦྱོར་ར་ཤང་གི་བདེ་སྐྱིད་ཁྱིམ་གཞིས་སུ་བསྐྱོད་དེ་རྒན་རྒོན་ཚོར་མཉམ་དུ་སྐྱེས་སྐར་གཏོང་བ་དང་ཁོང་ཚོ་དང་ཅི་འཕྲོས་མོལ་འཕྲོས་བྱེད་པ་མ་ཟད། ད་དུང་སྦྱོར་ར་ཤང་འཕྲོད་བསྟེན་ཁང་གི་སྨན་པ་གདན་དྲངས་ནས་རྒན་རྒོན་ལ་ཁྲག་ཤེད་བརྟག་པ་དང་བདེ་ཐང་ཤེས་བྱ་ཁྱབ་གདལ་བཏང་ཡོད།

འདི་ནི་འཕྲོད་བསྟེན་ཁང་གི་སྨན་པས་རྒན་རྒོན་ལ་ཁྲག་ཤེད་བརྟག་བཞིན་པ།