སྟོན་ཁ་ནི་འབྲས་བུས་བྱུར་བུར་གཏམས་པའི་ནམ་དུས་ཤིག་རེད། བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཉང་ངུ་གྲོང་ཚོའི་ནགས་ཁྲོད་ཀོ་ཤ་འདེབས་འཛུགས་རྟེན་གཞིའི་ས་བབ་སྨི་3200ཡི་ཆིང་ཀང་ནགས་ཁྲོད་དུ་རི་སྐྱེས་འདྲ་འདེབས་ཀོ་ཤ་འཐུ་བའི་དུས་ཚིགས་ལ་སླེབས་ཡོད།
“ད་ལོ་ནཌ་ཁྲོད་ཀོ་ཤ་ཁག་དང་པོ་དེ་བསྡུས་ཟིན། དེ་རིང་བསྡུ་ཐེངས་གཉིས་པ་རེད། བསྡུས་ཟིན་རྗེས་སྲོ་སྐམ་བཏང་རྗེས་འཚོང་གི་ཡོད། ད་ལོ་ཀོ་ཤ་ཡག་པོ་སྐྱེས་འདུག”ཅེས་བྲག་ཡིབ་ཆུས་ཉང་ངུ་གྲོང་ཚོའི་གྲོང་མི་སྨི་སྨི་སྒྲོལ་མས་བཤད།
ཉང་ངུ་གྲོང་ཚོའི་ཁོར་ཡུག་མཛེས་ཤིང་། 2016ལོར་ཡུལ་དེའི་ཏང་ཨུད་དང་སྲིད་གཞུང་གིས་སྐྱེ་ཁམས་དཔལ་འབྱོར་གྱི་རྣམ་གྲངས་ལག་ལེན་བསྟར་རྒྱུའི་ཐག་བཅད་པ་དང་གྲོང་མི་ཚོས་ཀོ་ཤ་འདེབས་འགོ་ཚུཌ། 2018ལོར་གྲོང་མི་ཚོས་ཀོ་ཤ་ཚོད་འདེབས་བྱས་པ་དང་ཉང་ངུ་གྲོང་ཚོའི་ཀོ་ཤ་འདེབས་འཛུགས་ཐོན་ལས་རིམ་བཞིན་དར་རྒྱས་འགྲོ་འགོ་ཚུགས་ཏེ་ལོ་ལྟར་གྲོང་མི་ཚོར་སྒོར་ཁྲི་10ལྷག་གི་ཁེ་བཟང་གཙང་མ་ཡོང་གི་ཡོད།
“2016ལོར་སྲིད་གཞུང་གིས་སྒོར་ཁྲི་20རོགས་སྐྱོར་བྱས་པས་ང་ཚོས་དྲོད་ཁང་དུ་ཀོ་ཤ་འདེབས་འཛུགས་བྱེད་འགོ་ཚུགས་པ་དང་། དེ་དུས་ཐོན་འབབ་ཉུང་བ་དང་སྤུས་ཚད་ཡག་པོ་མེད”2017ལོ་དང་2018ལོར་ང་ཚོས་ནགས་ཁྲོད་དུ་མུའུ་20ལྷག་གི་ཀོ་ཤ་བཏབ་པས་ཐོན་འབབ་དང་སྤུས་ཚད་གཉིས་ཀ་ལེཌ་སུ་ཕྱིན་སོང་། 2023ལོར་མུའུ་40ལྷག་ཙམ་བཏབ་ཡོད”ཅེས་བྲག་ཡིབ་ཆུས་ཉང་ངུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལྷག་པ་དོན་གྲུབ་ཀྱིས་ངོ་སྤྲོད་བྱས། ད་ཆ་ཉང་ངུ་གྲོང་ཚོའི་ནགས་ཁྲོད་ཀོ་ཤ་འདེབས་འཛུགས་རྒྱ་ཁྱོན་ཐོག་མའི་མུའུ་10ཡི་དྲོད་ཁང་ནས་མུའུ་40ལྷག་གི་ནགས་ཁྲོད་འདེབས་འཛུགས་བར་རྒྱ་ཆེ་རུ་ཕྱིན་ཏེ་རྒྱ་ཁྱོན་ཆེ་རུ་སོང་བ་མ་ཟད། ད་དུང་འདེབས་འཛུགས་བྱེད་སྟངས་ཀྱང་ལེགས་སུ་བཏང་བས་ཐོན་འབབ་རྒྱ་མ་800ཙམ་བར་མང་དུ་སོང་ཡོད། 2018ལོར་ནགས་ཁྲོད་ཀོ་ཤ་ཚོད་འདེབས་བྱས་ནས་ད་བར་འཕེལ་རྒྱས་བཏང་བ་བརྒྱུད་ཉང་ངུ་གྲོང་ཚོ་ལྗང་མདོག་འཕེལ་རྒྱས་ཀྱི་ཐོན་ལས་དར་རྒྱས་ལམ་བུར་བསྐྱོད་ཐུབ་ཡོད།