↑ འདི་ནི་སྨར་ཁམས་རྫོང་རིག་གནས་ཅུས་ཀྱིས་ཏང་ཡོན་ལས་བྱེད་པ་སྲིད་གཙང་སློབ་གསོའི་འགྲེམས་སྟོན་ཁང་དུ་ལྟ་སྐོར་ལ་འཁྲིད་བཞིན་པ།
→ འདི་ནི་སྨར་ཁམས་རྫོང་ཨུད་དྲིལ་བསྒྲགས་པུའི་ཏང་ཡོན་ལས་བྱེད་པས་སྲིད་གཙང་སློབ་གསོའི་འགྲེམས་ཁང་དུ་ཏང་ཞུགས་དམ་བཅའ་བསྐྱར་དུ་འཇོག་བཞིན་པ།
ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། ཏང་ཡོན་ལས་བྱེད་པའི་རུལ་འགོག་འགྱུར་ཟོན་གྱི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར་སྨར་ཁམས་རྫོང་གི་ཚན་པ་ཁག་གིས་ཏང་ཡོན་ལས་བྱེད་པ་སྨར་ཁམས་རྫོང་ཨུད་ཏང་གི་སློབ་གྲྭའི་སྤྱོད་གཙང་སློབ་གསོའི་གསོ་སྦྱོང་རྟེན་གཞིར་ལྟ་སྐོར་དུ་ཁྲིད་ནས། སྲིད་གཙང་ཉེན་བརྡའི་སློབ་གསོ་དང་ལེན་བྱེད་དུ་བཅུག་པ་དང་། ཏང་ཡོན་ལས་བྱེད་པར་དུས་དང་རྣམ་པ་ཀུན་ཏུ་སྤྱོད་གཙང་རང་གཅུན་གྱི་རྩ་བ་དམ་པོར་བཟུང་སྟེ་གནས་ཚུལ་ཐོན་བཟོ་ཡོད་དུས་ནས་སེལ་བ་དང་ཉེན་བརྡ་རྒྱུན་སྒྲོག་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།