《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月30日

བོད་སྐྱོར་ལེགས་ཆ་འདོན་སྤེལ་གྱིས། སློབ་གཉེར་ཕན་འབྲས་ལེགས་སུ་བཏང་།

← འདི་ནི་ཧྥུའུ་ཅན་གྱི་བོད་སྐྱོར་དགེ་རྒན་གྱིས་དཔལ་འབར་རྫོང་སློབ་འབྲིང་གི་སློབ་མ་དང་གླེང་མོལ་བྱེད་བཞིན་པ།

↓ འདི་ནི་ཧྥུའུ་ཅན་གྱི་བོད་སྐྱོར་དགེ་རྒན་གྱིས་དཔལ་འབར་རྫོང་སློབ་འབྲིང་གི་སློབ་མར་དངོས་ཁམས་ལག་ལེན་གྱི་སློབ་ཚན་འཁྲིད་བཞིན་པ།

2017ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་ལ་རོགས་སྐྱོར་བྱེད་མཁན་ཧྥུའུ་ཅན་གྱི་ལས་དོན་རུ་ཁག་གིས་རྫོང་ཡོངས་ཀྱི་སློབ་གཉེར་ཆ་རྐྱེན་ནུས་ཤུགས་ཡོད་རྒུས་ལེགས་སུ་བཏང་བ་དང་ཐབས་མང་མཉམ་སྤྱོད་ཀྱིས་སློབ་གཉེར“གཞི་གཅིག་ཅན”ལ་སྐུལ་འདེད་བཏང་ཡོད། ཧྥུའུ་ཅན་བོད་སྐྱོར་ལས་དོན་གྱི་འབྲེལ་ཡོད་ཕྱོགས་ཀྱིས“དཔལ་འབར་རྫོང་གི་ཧྥུའུ་ཅན་དགེ་རྒན་གྲགས་ཅན་ལས་དོན་ཁང”བཙུགས་ཏེ་སློབ་གསོའི་ཆེད་བསྐོས་ལས་དོན་པ་སློབ་གསོ་སྡེ་ཚན་དུ་མངགས་པ་དང་། “གདན་འདྲེན་པ་དང་ཕྱིར་སྐྱོད་པའི”ཕྱོགས་གཉིས་ལ་གཞོལ་ནས་དགེ་སློབ་འབྲེལ་འདྲིས་དང་སྤེལ་རེས་ཀྱི་ལས་སྟེགས་བསྐྲུན་པ་མ་ཟད། དཔལ་འབར་རྫོང་གི་སློབ་གསོ“གཞན་རྟེན”ནས“རང་རྟེན”དང་དེ་ནས“ལེགས་འཕེལ”ཡོང་བར་རོགས་རམ་བྱས་པས་སློབ་ཁྲིད་ཀྱི་སྤུས་ཚད་ལེགས་སུ་བརྟན་པོ་ཕྱིན་ཡོད།