《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月30日

མེ་ཏོག་རྫོང་ཁྲིམས་འཛིན་ཅུས་ཀྱིས།

སྲིད་འཛིན་ཁྲིམས་སྒྱུར་གྱི་ལྟ་སྐུལ་ཞིབ་བཤེར་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་མེ་ཏོག་ནས་གློག་འཕྲིན་འབྱོར་གསལ། ཁྲིམས་སྒྱུར་བྱ་སྤྱོད་སྔར་བས་ཚད་ལྡན་དུ་བཏང་ནས་ཁྲིམས་སྒྱུར་ཕན་ནུས་ཆེ་རུ་གཏོང་ཆེད། ཉེ་ཆར། མེ་ཏོག་རྫོང་ཁྲིམས་འཛིན་ཅུས་ཀྱིས་རྫོང་རང་བྱུང་ཐོན་ཁུངས་ཅུས་དང་འཕྲལ་སྡོམ་དོ་དམ་ཅུས་སོགས་ཚན་པར་སྲིད་འཛིན་ཁྲིམས་སྒྱུར་གྱི་ལྟ་སྐུལ་ཞིབ་བཤེར་བྱེད་སྒོ་སྤེལ་བ་རེད།

ཞིབ་བཤེར་བྱེད་རིང་། ཞིབ་བཤེར་ཚོགས་ཆུང་གིས་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱེད་པ་དང་། སྲིད་འཛིན་ཁྲིམས་སྒྱུར་གྱི་ཡིག་ཆ་གྲལ་བཤེར། སྲིད་འཛིན་ཞིབ་བཤེར་གྱི་རྩིས་ཁྲ་བཤེར་བ། ཁྲིམས་སྒྱུར་མི་སྣ་དང་སྤེལ་རེས་བྱེད་པ་སོགས་ཀྱི་བྱེད་སྟངས་བརྒྱུད། ཁྲིམས་སྒྱུར་ལས་དོན་གྱི་དོན་དངོས་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས་ཡོད། ཞིབ་བཤེར་ཚོགས་ཆུང་གིས་ཞིབ་བཤེར་ཁྲིམས་སྒྱུར་བྱ་ཡུལ་སྡེ་ཚན་ལ་ཁྲིམས་སྒྱུར་བརྒྱུད་རིམ་ནང་འཕྲད་པའི་གནད་དོན་ལ་དམིགས་ཏེ་དེ་གར《སྲིད་འཛིན་ཁྲིམས་སྒྱུར་གྱི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་གནད་དོན་གྱི་ཚུར་ལན་བསམ་འཆར་ཡི་གེ》བཟོས་ནས་བཀྲམ་ཏེ་དག་ཐེར་བྱེད་དགོས་པའི་བསམ་འཆར་བཏོན་ཡོད། ཞིབ་བཤེར་ཚོགས་ཆུང་གིས་ཞིབ་བཤེར་བྱ་ཡུལ་ཚན་པར་ཚུར་ལན་བསམ་འཆར་གྱི་གནད་དོན་4བཏོན་ནས་ཁྲིམས་སྒྱུར་ལས་དོན་ཚད་ལྡན་ཅན་དུ་འཛུགས་སྐྱོང་ལ་སྐུལ་འདེད་ནུས་ལྡན་བཏང་བས། ཁྲིམས་སྐྱོང་གི་ཁོར་ཡུག་ཡག་པོ་འཛུགས་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་པ་བྱུང་ཡོད།