← ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པ་འགོ་ཚུགས་ཉེར་ཡོད་ཅིང་། ཟླ་10ཚེས་28ཉིན། ལྕགས་ལམ་ཧྲང་ཧའེ་འགྲུལ་སྐྱེལ་དུམ་བུས་མེ་འཁོར་གཏོང་ཐེངས་D3205ཡི་ནང“སེམས་ནུས་གཅིག་ཏུ་བསྒྲིལ་ནས་འབྱུང་འགྱུར་ལ་ཕྱོགས། མྱུར་བགྲོད་མེ་འཁོར་ལ་བསྡད་དེ་ནང་འདྲེན་དངོས་མང་སྟོན་ཚོགས་ལ་སྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་འགྲུལ་པར་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་བཀྲག་མདངས་འཚེར་ས་ངོ་སྤྲོད་བྱས་ཏེ་ནང་འདྲེན་དངོས་མང་སྟོན་ཚོགས་ལ་རྟེན་འབྲེལ་ཞུས་པ་རེད།
འདི་ནི་ཟླ་10ཚེས་28ཉིན། མེ་འཁོར་གཏོང་ཐེངས་D3205ཡི་ནང་འགྲུལ་པ་དང་ཧྲང་ཧའེ་འགྲུལ་སྐྱེལ་དུམ་བུའི་མེ་འཁོར་གྱི་ཞབས་ཞུ་བས་ནང་འདྲེན་དངོས་མང་སྟོན་ཚོགས་ལ་རྟེན་འབྲེལ་ཞུ་རེས་བྱེད་བཞིན་པ།