ཉེ་ཆར། ཀྲུང་གུང་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཨུ་ལྷན་དང་བྲག་ཡིབ་ཆུས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི“‘སྒྲ་སྙན་སྐུ་ཉིད་ཕྱོགས་སུ་དཀྲོལ། སྐྱིད་དབྱངས་བྲག་ཡིབ་ཡུལ་ལ་ཁྱབ’ཅེས་པའི་མི་རིགས་རོལ་ཆའི་རོལ་དབྱངས་མཚན་ཚོགས”ཇོ་མོ་ལྷ་འཛོམས་སྤང་ལྗོངས་སྤྱི་གླིང་དུ་གཉེར་བ་རེད།
ད་ཐེངས་ཀྱི་བྱེད་སྒོས་ལྟད་མོ་བ་ཚོར་རིག་གནས་སྒྱུ་རྩལ་སྣ་མང་ཉམས་ལེན་ཐུབ་པར་བྱས་པས་གྲོང་མིའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པ་རེད།
↑ འདི་ནི་འཁྲབ་སྟོན་པས་ལྷ་སའི་སྟོད་གཞས《དབྱར་སྐྱིད་ཁྲ་མོ》འཁྲབ་བཞིན་པ།
→ འདི་ནི་ཤིན་ཅང་ཁཱ་ཧྲི་དང་ཧོ་ཐན་གྱི་སྒྱུ་རྩལ་པས“ཤིན་ཅང་ཡུ་གུར་གྱི་མུའུ་ཁཱ་མུའུ་སྒྱུ་རྩལ”འཁྲབ་བཞིན་པ།
← འདི་ནི་འཁྲབ་སྟོན་པས་སྒྲ་སྙན་དཀྲོལ་གཏོང་བྱེད་བཞིན་པ།
→ འདི་ནི་ལྟད་མོ་བས་འཁྲབ་ཚན་པར་རྒྱག་བཞིན་པ།