《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月30日

ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ལམ་དང་ཞིང་ཆེན་ལམ་དང་དེ་བཞིན་གྲོང་གསེབ་ཀྱི་གཞུང་ལམ་དོ་དམ་བདག་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་28ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་2024ལོའི་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད——བོད་ལྗོངས་བྱ་སྤྱོད་བྱེད་སྒོ་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཚུན། ལྷོ་ཁ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་སྡེ་ཚན་དང་གཞུང་ལམ་བདག་སྐྱོང་སྡེ་ཚན་གྱིས་གཞུང་ལམ་རྒྱུད་ཀྱི་འགྱིག་ཤོག་སོགས་གད་སྙིགས་གཙང་མ་བཟོ་བ་དང་གཞུང་ལམ་ཚོད་འཛིན་ཁུལ་གྱི་ཁྱབ་ཁོངས་སུ་ཁོར་ཡུག་གཙང་སྦྲ་དང་བཅོས་སྒྲིག་གི་ལས་དོན་ནན་ཏན་སྤེལ་ཏེ། རྒྱལ་ལམ་དང་ཞིང་ཆེན་ལམ་དང་གྲོང་གསེབ་ཀྱི་གཞུང་ལམ་གཙང་སྦྲ་དོད་ལ་མཛེས་པོ་ཡོང་བའི་འགན་ལེན་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་སྡེ་ཚན་དང་གཞུང་ལམ་བདག་སྐྱོང་སྡེ་ཚན་གྱིས་སྤྱི་ལེ་1342ཟིན་པའི་རྒྱལ་ལམ་དང་སྤྱི་ལེ་1376ཟིན་པའི་ཞིང་ཆེན་ལམ་བདག་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཅིང་། ཟླ་9པའི་ཟླ་མཇུག་བར། གཟུར་ལམ་ཁྱོན་སྨི་ངོས་གྲུ་ཁྲི་15.37དང་གཟར་ངོས་སྨི་ངོས་གྲུ་ཁྲི་8.47ལེགས་སྒྲིག་བྱས་པ་དང་། གཟུར་ལམ་དང་གཟར་ངོས་ཀྱི་རྩ་དང་རྩི་ཤིང་སྨི་ངོས་གྲུ་ཁྲི་42.96ལ་ཡལ་གཅོད་གཙང་བཟོ་བྱས་པ། ཆུ་ཡུར(ཆུ་འགོག་ཡུར་བུ་དང་ཆུ་འབུད་ཡུར་བུ)སོགས་སྨི་ངོས་གྲུ་ཁྲི་69.77གཙང་མ་བཟོས་ཡོད། དེ་དང་ཆབས་ཅིག་གྲོང་གསེབ་ཀྱི་གཞུང་ལམ་སྐྱེ་ཁམས་དོ་དམ་སྲུང་སྐྱོང་བ་དང་དེ་བཞིན་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་ལམ་དཔོན་1172ཀྱི་ནུས་པ་གང་ལེགས་བཏོན་ཏེ་གྲོང་གསེབ་ཀྱི་གཞུང་ལམ་དང་དེ་བཞིན་གཞུང་ལམ་ཚོད་འཛིན་ཁུལ་གྱི་ཁྱབ་ཁོངས་སུ་ཁོར་ཡུག་གཙང་སྦྲའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཡོད། མིག་སྔའི་བར། སྐྱེ་ཁམས་ལས་གནས་ཀྱི་གཞུང་ལམ་དོ་དམ་སྲུང་སྐྱོང་བ་ཁྱོན་མི་ཐེངས་1577དང་འཕྲུལ་ཆས་ཐེངས་69བཏང་ནས། ལམ་ངོས་སྨི་ངོས་གྲུ་ཁྲི་8.4གཙང་མ་འཕྱགས་པ་དང་གད་སྙིགས་ཏུན་105.8གཙང་མ་བཟོས་ནས་གྲོང་གསེབ་ཀྱི་གཞུང་ལམ་གཙང་ཞིང་གྲལ་འགྲིག་པོ་ཡོང་བའི་འགན་ལེན་བྱས་པ་རེད།

(པ་ཚེས་བསྒྱུར། པ་ཚེ་དང་བུ་ཁྲིད་ཀྱིས་ཞུས)