འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་28ཉིན་གནས་ཚུལ་འབྱོར་གསལ། ཚེས་26དང་27ཉིན་བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རིག་གཞུང་ལོ་ཚོགས་སྐབས་བཅུ་པ་ལྷ་སར་འཚོགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་རིག་གཞུང་ལོ་ཚོགས་ནི་བོད་རང་སྐྱོང་ལྗོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་སློབ་ཆེན་གྱིས་གཉེར་འགན་འཁུར་བ་ཞིག་རེད། ད་རེས་ཀྱི་ལོ་ཚོགས་ལ་འགོ་ཚུགས་མཛད་སྒོ་དང་། བཞེད་དོན་གཙོ་བོའི་གཏམ་བཤད། ཡན་ལག་གླེང་སྟེགས(མི་འབོར་དང་། མི་སེམས། ཤེས་ལྡན་པ)མཇུག་འགྲིལ་མཛད་སྒོ་སོགས་བཀོད་སྒྲིག་བྱས་ཡོད། ད་ཐེངས་ཀྱི་བྱེད་སྒོར་རྒྱལ་ཡོངས་ཀྱི་རྒྱ་ཆེའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་པའི་རྒྱབ་སྐྱོར་ཆེན་པོ་ཐོབ་ནས་ཚོགས་ཞུགས་རྩོམ་ཡིག་80ལྷག་ཙམ་འབྱོར་བ་དང་རྩོམ་ཡིག་62བདམས་ནས་བསྡུས་ཡོད་པ་དང་། ཚོགས་འདུ་གྲོལ་རྗེས“རིག་གཞུང་ལོ་ཚོགས་ཀྱི་དཔྱད་རྩོམ་ཕྱོགས་བསྡུས”དཔེ་སྐྲུན་བྱ་རྒྱུ་རེད།
བགྲོ་གླེང་ཚོགས་འདུའི་ཐོག་བོད་ལྗོངས་མི་རིགས་སློབ་ཆེན་ཨེ་ཤེ་ཡ་ལྷོ་མ་ཞིབ་འཇུག་སུའོ་ཡི་བློ་འདྲི་བ་ཏི་ཧྥང་ཡའོ་ཡིས《བོད་ཀྱི་མཐའ་མཚམས་ས་ཁུལ་གྱི་མི་ཤུགས་ཐོན་ཁུངས་ཀྱི་བྱང་ཚད་དང་དེང་རབས་ཅན་འཛུགས་སྐྲུན་སྐོར་གྱི་ཞིབ་འཇུག》ཅེས་འགོ་བརྗོད་དུ་འཁོད་པའི་གཏམ་བཤད་གནང་ཞིང་། ཁོང་གིས་བོད་ཀྱི་མཐའ་མཚམས་ས་ཁུལ་གྱི“མི་འབོར་དང་། མི་སེམས། ཤེས་ལྡན་པ”བཅས་ཀྱི་གནད་དོན་ལ་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལྡན་ཡོད། དེར་བརྟེན་བོད་ཀྱི་མཐའ་མཚམས་ས་ཁུལ་གྱི་གྲོང་མིའི་ཁྲོད་བྱང་ཚད་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་ཇི་ལྟར་བྱེད་པར་ཞིབ་འཇུག་བྱེད་པ་དེ་མི་སེམས་བརྟན་དུ་གཏོང་བའི་ཞིབ་འཇུག་བྱ་གཞིར་བརྗོད་ན་རིག་གཞུང་གི་རིན་ཐང་དང་ལག་ལེན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་རེད།
ཡུན་ནན་སློབ་ཆེན་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་དགེ་རྒན་ཆེ་མོ་བ་དབྱང་མིང་ཧུང་གིས་སྐབས་འདིའི་རིག་གཞུང་ལོ་ཚོགས་སུ་བོད་ཀྱི་དཔལ་འབྱོར་དེང་རབས་ཅན་གྱི་འཕེལ་ཕྱོགས་ལ་དམིགས་ནས་བརྗོད་དོན་གཙོ་བོ་དེར་དབྱེ་ཞིབ་དང་དཔེ་མཚོན་མིན་པའི་རྒྱུ་གཉིས་དཔལ་འབྱོར་གྲུབ་ཆ་ནས་རྐྱང་པའི་དཔལ་འབྱོར་གྲུབ་ཆར་ཁ་ཕྱོགས་སྒྱུར་བའི་བརྒྱུད་རིམ་གྱི་གནད་དོན་ལ་གཙོ་གནད་གྲོས་བསྡུར་བྱས་པ་ཡིན་ཞེས་གསར་འགོད་པར་བརྗོད།
ཚོགས་འདུ་གྲོལ་རྗེས་ཚོགས་ཞུགས་སྐུ་མགྲོན་ཚོས་བོད་ལྗོངས་སློབ་ཆེན་གྱི་འགྲེམས་ཁང་ཁག་ལ་ལྟ་སྐོར་བྱས་པ་རེད།
(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་ཀྱིས་ཞུས)