པར་འདི་གཉིས་ནི་ཟླ་10ཚེས་26ཉིན་འཛད་སྤྱོད་པས་ཨེ་ཤེ་ཡ་དབུས་མའི་ཁྱད་ལྡན་ཚོང་ཟོག་འགྲེམས་སྟོན་དང་འགྲེམས་ཚོང་ལྟེ་གནས་སུ་ཚོང་ཟོག་འདེམས་ཉོ་བྱེད་བཞིན་པ།
ཟླ་10ཚེས་26ཉིན། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་གླེང་སྟེགས་སྐབས་བཅུ་གཅིག་པ་ཉིང་ཞ་དབྱིང་ཁྲོན་དུ་འགོ་ཚུགས་ཤིང་། སྐབས་འདིའི་གླེང་སྟེགས་ཀྱིས“ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཐུན་མོང་གི་ཁྱིམ་གཞིས་འཛུགས་སྐྲུན་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། དེའི་རིང་ད་དུང་ཐོན་ལས་ལྗང་མདོག་འཕེལ་རྒྱས་ཀྱི་གླེང་སྟེགས་དང་། ཨེ་ཤེ་ཡ་དབུས་མའི་ཁྱད་ལྡན་ཚོང་ཟོག་འགྲེམས་སྟོན་དང་འགྲེམས་ཚོང་ལྟེ་གནས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ རྣམ་གྲངས་ལ་མིང་རྟགས་འགོད་པའི་མཛད་སྒོ་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དབར་གྱི་དཔལ་འབྱོར་ཚོང་དོན་དང་། ནུས་རྒྱུ། ཞིང་ལས། འགྲིམ་འགྲུལ་ཟོག་འགྲེམས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་པ་རེད།