ཁྲོམ་གཞུང་དུ་ཟ་ཁང་དང་ཚོང་ཁང་སོགས“འདུ་འཛོམས་ཁང་ཆུང་གྲས་དགུའི”གྲངས་འབོར་མང་བས། འབར་སླ་བའི་དངོས་རྫས་མང་བ་དང་། མེ་ཁུངས་དོ་དམ་ཞན་པ། “ཁུལ་གསུམ་གཅིག་སྒྲིལ”སོགས་ཀྱི་གནད་དོན་ཐོན་སླ་བ་དང“འདུ་འཛོམས་ཁང་ཆུང་གྲས”ལ་ལས་འཛོལ་ཆེན་པོ་ཐོན་ཉེན་ཆེ་བས། བདེ་འཇགས་དྲན་སྐུལ་འདི་ཉར་ཚགས་ཡག་པོ་གནང་དགོས།
གཅིག གང་འདྲ་ཞིག་ལ“འདུ་འཛོམས་ཁང་ཆུང་གྲས་དགུ”ཟེར་རམ།
“འདུ་འཛོམས་ཁང་ཆུང་གྲས་དགུའི”ནང་སློབ་གྲྭ་དང་བུ་བཅོལ་ཁང་ཆུང་གྲས་དང་། སྨན་བཅོས་སྒྲིག་གཞི་ཆུང་གྲས། ཚོང་ཁང་ཆུང་གྲས། ཟ་ཁང་ཆུང་གྲས། མགྲོན་ཁང་ཆུང་གྲས། གླུ་གར་ཁང་ཆུང་གྲས། དྲ་ཁང་ཆུང་གྲས། མཛེས་བཟོ་ཁང་དང་འཁྲུད་ཁང་ཆུང་གྲས། ཐོན་སྐྱེད་ལས་སྣོན་ཁེ་ལས་ཆུང་གྲས་སོགས་འདུ་འཛོམས་ཁང་ཆུང་གྲས་ཚུད་ཡོད།
གཉིས། “འདུ་འཛོམས་ཁང་ཆུང་གྲས་དགུའི”རྒྱུན་མཐོང་གི་བདེ་འཇགས་མངོན་མེད་རྐྱེན་ངན།
1.འབར་སླ་བའི་དངོས་རྫས་ཅུང་མང་བ་དང་།
2.མེ་དང་། གློག སོལ་རླངས་བཅས་སྤྱོད་ཚད་མང་བ།
3.འཛུགས་སྐྲུན་ཚད་ལྡན་མིན་པ་དང་མེ་ཐུབ་རིམ་པ་དམའ་བ།
4.བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་ཞན་པ་དང་དོ་དམ་རྙོག་འཛིང་ཆེ་བ།
5.མེ་ཟོན་བདེ་འཇགས་མི་སྣའི་འདུ་ཤེས་ཞན་པ།
6.མེ་གསོད་སྒྲིག་ཆས་མི་འདང་བ་དང་། མི་སྣའི་སྲོག་ཉེན་ལས་ཐར་བའི་ནུས་པ་ཞན་པ།
གསུམ། “འདུ་འཛོམས་ཁང་ཆུང་གྲས་དགུའི”མེ་སྐྱོན་གྱི་ཁྱད་ཆོས།
1.འབར་ཤུགས་ཆེ་བས་གཞི་ཁྱོན་ཆེ་བའི་མེ་འབར་སྲིད་པ་དང་།
2.ཁ་འགྲེམས་དཀའ་བས་མི་སྣ་ཤི་རྨས་སླ་བ།
3.དུ་བ་སྟུག་པས་དུ་རླངས་ཀྱིས་ཉེན་གྱར་མི་སྣར་གནོད་འཚེ་ཚབས་ཆེན་བཟོ་སྲིད་པ།
4.ཆུ་དཀོན་པས་མེ་གསོད་རོགས་སྐྱོབ་བྱེད་དཀའ་བ།
བཞི། “འདུ་འཛོམས་ཁང་ཆུང་གྲས་དགུ”ལ་འགྲོ་སྐབས
“དོ་སྣང་གསུམ”བྱེད་དགོས་པ།
1.མེ་ཟོན་བདེ་འཇགས་ལ་དོ་སྣང་བྱས་ཏེ་ཐ་མག་མི་འཐེན་པ་དང་མེ་སྤྱོད་མི་རུང་བ།
2.སྲོག་ཉེན་ལས་ཐར་ཐབས་བྱེད་པའི་ལམ་དང་བདེ་འཇགས་ཐོན་སྒོའི་ཞིབ་ཕྲའི་གནས་ཡུལ་ལ་དོ་སྣང་བྱེད་དགོས། གལ་ཏེ་མེ་སྐྱོན་ཐོན་ཚེ་ཁ་འགྲེམས་བཀོད་འདོམས་ཀྱི་མཚོན་རྟགས་དང་ས་ཆ་དངོས་ཀྱི་ལས་དོན་པའི་ཁྲིད་སྟོན་ལྟར་གོ་རིམ་ལྡན་པའི་ངང་གང་མགྱོགས་ཁ་གྲམ་དགོས།
3.མེ་གསོད་སྒྲིག་ཆས་དང་སྲོག་ཉེན་ལས་ཐར་ཐབས་ཀྱི་སྒྲིག་ཆས་འཇོག་ས་དང་བེད་སྤྱོད་གཏོང་སྟངས་ལ་དོ་སྣང་བྱེད་དགོས། གལ་ཏེ་མེ་སྐྱོན་ཐོན་ཚེ་སྒྲིག་ཆས་བེད་སྤྱོད་ཡང་དག་བྱེད་དགོས།
ལྔ། “འདུ་འཛོམས་ཁང་ཆུང་གྲས་དགུ”ལ་མེ་སྐྱོན་ཐོན་སྐབས“མན་ངག་བཞི”བློ་ལ་བརྟན་པོར་ངེས་དགོས།
བབ་བརླིང་ངང་གང་མགྱོགས་ཁ་གྲམ་དགོས།
འགོག་སྲུང་སྟབས་བདེ་བྱས་ནས་གོག་བགྲོད་དམ་ཡང་ན་སྒུར་སྒུར་བྱས་ཏེ་སྐྱོད་དགོས།
བགྲོད་ལམ་ཡག་པོ་འདེམ་པ་ལས་གློག་སྐས་ནང་དུ་འཛུལ་
མི་ཉན།
ཉེན་ཁ་ཡོད་སར་མི་སྐྱོད་པ་དང་རྒྱུ་ནོར་ལ་ཞེན་ཆགས་རྒྱུ་མེད།
དྲུག “འདུ་འཛོམས་ཁང་ཆུང་གྲས་དགུས”ངེས་པར་དུ
“གཏན་འགོག་བདུན”དོན་འཁྱོལ་ནན་པོ་བྱེད་དགོས།
1.སྒྲིག་འགལ་ངང་གློག་ཆས་ཐོན་རྫས་དང་། རླངས་འབར་ཡོ་བྱད་དང་དེའི་སྐུད་ལམ་དང་སྦུག་ལམ་བཅས་གཏན་འགོག་བྱས་ནས། སྒྲིག་སྲོལ་དང་འགལ་ནས་མེ་དང་། གློག སོལ་རླངས། སྣུམ་བཅས་སྤྱོད་མི་རུང་།
2.འབར་སླ་བའམ་ཡང་ན་འབར་སྲིད་པའི་རྒྱུ་ཆའི་ཤིང་ལེབ་ཀྱི་མཛེས་བཟོ་དང་བཅད་བཀག་གཏན་འགོག་བྱེད་དགོས།
3.ཁ་འགྲེམས་བགྲོད་ལམ་དང་བདེ་འཇགས་ཐོན་སྒོ་བཟུང་སྤྱོད་དང་བཀག་པ་དེ་བཞིན་ལྕགས་རིའི་སྒོ་དང་སྒེའུ་ཁུང་དུ་ལྕགས་དྲ་དང་བརྡ་ཁྱབ་བྱང་བུ་སོགས་བཙུགས་ནས་སྲོག་ཉེན་ལས་ཐར་ཐབས་བྱེད་པ་དང་མེ་གསོད་རོགས་སྐྱོབ་ལ་གནོད་པའི་འགོག་རྐྱེན་དངོས་པོ་གཏན་འགོག་བྱེད་དགོས།
4.ཁང་པའི་ནང་དུ་སྒྲིག་འགལ་གྱིས་གློག་སྒུལ་སྦག་སྦག་འཇོག་པའམ་ཡང་ན་དེར་གློག་གསོག་མི་ཆོག
5.མེ་གསོད་སྒྲིག་ཆས་ལ་གཏོར་སྐྱོན་དང་། གཞན་སྤྱོད། མཚམས་བཀོད་བཅད་སྲུང་། དེ་བཞིན་རང་མཚམས་ཀྱིས་བཤིག་པ་དང་སྤྱོད་མཚམས་འཇོག་པ་བཅས་བྱེད་མི་རུང་།
6.སྒྲིག་འགལ་ངང་མི་སྡོད་སའི་ཁང་པ་བཀོད་སྒྲིག་བྱེད་མི་ཆོག
7.ལས་གཉེར་བྱེད་རིང་མེ་གཏོང་བ་དང་ཚ་ལ་རྒྱག་པ་སོགས་མེ་སྐྱོན་ཤོར་ཉེན་ཡོད་པའི་ལས་ཀའི་རིགས་གཏན་འགོག་བྱེད་དགོས།
(བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མཁོ་འདོན་བྱས)