ཉེ་ཆར། ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་གིས་གསར་བརྗེའི་ལོ་རྒྱུས་སློབ་གསོའི་འཁྲབ་གཞུང་རོལ་རྩེད《རི་སྐྱེས་མེ་ཏོག་རྣམ་པར་བཞད་དུས》ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་རོལ་རྩེད་ཀྱི་ཞོར་ལ་སློབ་གསོ་ཐེབས་པའི་བྱ་ཐབས་བརྒྱུད། ཕྲུ་གུ་ཚོས་མཉམ་འགུལ་ཁྲོད་གསར་བརྗེའི་སྔོན་གཤེགས་དཔའ་བོའི་མཛད་རྗེས་སློབ་སྦྱོང་དང་ཤེས་རྟོགས་ཐུབ་པར་བྱས་པ་རེད།