《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月25日

ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་ཉི་དྲོ་གླིང་སྡེ་ཁུལ་གྱིས།

རྒན་རྒོན་ལ་ཛ་དྲག་འབོད་ཆས་སྤྲད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། རྒན་རྒོན་གྱི་འཚོ་བའི་སྤུས་ཚད་སྔར་བས་མཐོ་རུ་བཏང་ནས་ཁོང་ཚོར་ཛ་དྲག་གི་གནས་ཚུལ་འཕྲད་སྐབས་དུས་ཐོག་ཏུ་རོགས་རམ་ཐུབ་པར་འགན་ལེན་བྱ་ཆེད། ཉེ་ཆར། ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་ཉི་དྲོ་གླིང་སྡེ་ཁུལ་གྱིས་ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་དང་མཉམ་དུ་རྒན་རྒོན་ལ་རིན་མེད་འབོད་ཆས་སྤྲོད་པའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་། ཉི་དྲོ་གླིང་སྡེ་ཁུལ་གྱི་ལས་དོན་པས་ཁོངས་གཏོགས་ཁུལ་གྱི་ཆ་རྐྱེན་འཚམ་པའི་རྒན་རྒོན་ལ་རིན་མེད་འབོད་ཆས་སྤྲད་པ་རེད། འབོད་ཆས་དེ་དག་ལ་སྟབས་བདེ་ཞིང་སྤྱོད་བདེ་བ་དང་དང་ལེན་མགྱོགས་པའི་ཁྱད་ཆོས་ལྡན་པས། རྒན་རྒོན་ཚོར་ཛ་དྲག་གི་གནས་ཚུལ་འཕྲད་སྐབས་དུས་ཐོག་ཏུ་རོགས་སྐྱོབ་ཐུབ་ཀྱི་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉི་དྲོ་གླིང་སྡེ་ཁུལ་གྱིས་ད་ཐེངས་ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་དང་མཉམ་དུ་རྒན་རྒོན་ལ་ཁྱིམ་སྡོད་རྒན་གསོའི་རིག་ལྡན་ཛ་དྲག་འབོད་ཆས་སྒྲིག་སྦྱོར་བྱེད་པ་གོ་སྐབས་སུ་བྱས་ནས། དུས་བཀག་ལྟར་འཚམས་འདྲི་དང་སྐྱོན་ཤོར་ཉམས་གསོ་སོགས་ཚུད་པའི་འཐུས་སྒོ་ཚང་བའི་རྗེས་མཐུད་ཞབས་ཞུའི་ལམ་སྲོལ་འཛུགས་པ་དང་། འབོད་ཆས་ཀྱིས་རྒན་རྒོན་ལ་རྒྱུན་མཐུད་ཞབས་འདེགས་ཞུ་ཐུབ་པར་འགན་ལེན་བྱས་ཏེ། ཚན་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་གནས་འཕྲོད་ཞི་མཐུན་གྱི་རྒན་རྒོན་གྱི་ཚེ་མཇུག་འཚོ་བའི་ཁོར་ཡུག་ལ་སྲུང་སྐྱོང་བྱེད་རྒྱུ་རེད།

(པ་ཚེ་དང་ཚེ་རིང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)