《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月22日

བོད་ལྗོངས་ཡུལ་སྨད་ཤང་གི་འཕོ་འགྱུར།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཏིང་ཐིང་།

ཡུལ་སྨད་ཤང་གི་ཟུར་ཞིག

བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་འདབས་སུ་གནས་ཤིང་། རང་བྱུང་ཆ་རྐྱེན་ཞན་པའི་དབང་གིས་དེ་གར་སྐབས་ཤིག་རིང་ཕ་སངས་རྒྱས་ཆོས་པ་དང་ཁོང་གི་བུ་མོ་སྒྲོལ་དཀར་དང་གཡང་འཛོམས་བཅས་མི་གསུམ་རང་ལས་མེད་པ་དང་ཁོང་ཚོས་མེས་རྒྱལ་གྱི་མཐའ་མཚམས་བརྟན་སྲུང་བྱེད་ཀྱི་ཡོད་པས། དེ་གར“མི་གསུམ་ཤང”ཞེས་འབོད་ཀྱི་ཡོད། ད་ཆ་དེ་སྔའི“མི་གསུམ་ཤང”དེ་ཉིད་དུད་ཚང་67དང་མི་200བར་མང་དུ་ཕྱིན་ནས་ཁོངས་གཏོགས་ཀྱི་སྲིད་འཛིན་གྲོང་ཚོ་གཉིས་ཀྱི“འབྱོར་འབྲིང་ཤང”དུ་གྱུར་ཡོད།

2018ལོ་ནས་བཟུང་། ཡུལ་སྨད་ཤང་གིས་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་དང་དེ་བཞིན་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ནས་ཡང་བའི་ལྕགས་གདུང་གི་གྲོང་མིའི་སྡོད་ཁང་དང་། ཆུ་འབུད། འཕྲིན་གཏོང་། སློབ་གྲྭ ལྟེ་བའི་སྤྱི་གླིང་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་མང་དག་ཅིག་བསྐྲུན་ཡོད་པ་རེད། 2019ལོར་རྒྱལ་ཁབ་ནས་མ་དངུལ་སྒོར་དུང་ཕྱུར་5ལྷག་ཙམ་བཏང་བ་དང་ལམ་ཐག་བསྡོམས་སྤྱི་ལེ་50ཡོད་པའི་ཆོས་ཡུལ་སྣུམ་ནག་གཞུང་ལམ་བསྐྱར་སྐྲུན་ལས་གྲྭ་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་པས་ལོ་ལྟར་ཡུལ་སྨད་དུ་གངས་ཆེན་པོ་བབས་ནས་རི་རྒྱ་བསྡམས་པའི་དཀའ་ངལ་བསལ་བ་དང་། དེ་དང་ཆབས་ཅིག་རྒྱལ་ཁབ་གློག་དྲས་ཆན་ཧྥུའུ་10ཟིན་པའི་གློག་སྐུད་ཡུལ་སྨད་དུ་ཁྲིད་པས་ཡུལ་སྨད་པར་བདེ་འཇགས་ལྡན་ལ་བརྟན་པའི་གློག་སྤྱོད་རྒྱུ་བྱུང་ཡོད།

སློབ་གྲྭ་དང་། འཕྲོད་བསྟེན་ཁང་། ཡུལ་སྐོར་བའི་སྣེ་ལེན་ལྟེ་གནས་སོགས་སྐྲུན་དངོས་གང་སར་མཐོང་རྒྱུ་ཡོད་པ་དང་། གྲོང་མི་མི་ཉུང་བ་ཞིག་གིས་རང་ཁྱིམ་གྱི་ཁང་པར་ཁྱིམ་ཚང་མགྲོན་ཁང་དང་། ཚོང་ཁང་། མྱུར་སྐྱེལ་ས་ཚིགས་སོགས་བཙུགས་ཡོད། 2023ལོར་ཡུལ་སྨད་ཤང་ཡོངས་ཀྱི་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་ཟིན་པ་དང་མི་རེའི་ཆ་སྙོམས་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་40ཟིན་གྱི་ཡོད་ལ། ད་ཆའི་ཡུལ་སྨད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་ཆེན་པོ་འགྲོ་བཞིན་ཡོད།

↑ པར་གོང་མ་ནི་2003ལོའི་ཟླ་10ཚེས་26ཉིན་སྒྲོལ་དཀར(དཀྱིལ)དང་ཕྲུ་གུ་ཚོས་ཕ་ཡུལ་ནས་ལ་རྒྱབ་ཀྱི་གྲོགས་མོར་ཁ་པར་རྒྱག་བཞིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་བསོད་ནམས་ནོར་བུས་པར་བརྒྱབ)

པར་འོག་མ་ནི་2024ལོའི་ཟླ་10ཚེས་15ཉིན་སྒྲོལ་དཀར་གྱིས་ཚ་བོ་པང་དུ་བཏབ་སྟེ་སྐད་འཕྲིན་ནས་བུ་མོ་དང་ཁ་པར་རྒྱག་བཞིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཏིང་ཐིང་གིས་པར་བརྒྱབ)

↑ པར་གོང་མ་ནི་ཡུལ་སྨད་ཤང་གི་འཕྲོད་བསྟེན་པ་བཀྲ་ཤིས་ནོར་བུས(གཡོན)ཡུལ་མིར་ཁྲག་ཤེད་ལྟ་བཞིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་2009ལོའི་ཟླ་9ཚེས་9ཉིན་པར་བརྒྱབ)

པར་འོག་མ་ནི་བོད་ལྗོངས་ལྷུན་རྩེ་རྫོང་ལྟེ་བའི་སྨན་ཁང་ཡུལ་སྨད་ཤང་འཕྲོད་བསྟེན་ཡན་ལག་ཁང་དུ་བཀྲ་ཤིས་ནོར་བུས(གཡས)སྨན་པ་དང་གླེང་མོལ་བྱེད་བཞིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཏིང་ཐིང་གིས་2024ལོའི་ཟླ་10ཚེས་15ཉིན་པར་བརྒྱབ) བཀྲ་ཤིས་ནོར་བུ་ནི་1996ལོར་ཡུལ་སྨད་ཤང་དུ་ལས་ཀར་ཞུགས་པ་མ་ཟད་དེ་གར་གཞིས་ཆགས་པ་རེད།

↑ ཡུལ་སྨད་ཀྱི་རྣམ་པ།

↑ ཡུལ་སྨད་ཤང་གི་ཟུར་ཞིག

↑ པར་གོང་མ་ནི་ཡུལ་སྨད་ཤང་གི་ཚོང་ཁང་ཞིག་གི་སྦྱིན་བདག་ཚེ་བརྟན་བཀྲ་ཤིས་ཀྱིས་ཚོང་ཟོག་སྒྲིག་བཞིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་2009ལོའི་ཟླ་9ཚེས་9ཉིན་པར་བརྒྱབ)

པར་འོག་མ་ནི་ཡུལ་སྨད་ཤང་གི་སྒོ་རྩིས་ཚོང་ཁང་ཞིག་གི་ལས་དོན་པ་པད་མ་དབང་འདུས་ཀྱིས་ཚོང་ཁང་ནང་བསྡུ་གསོག་རྒྱག་བཞིན་པ།(ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཏིང་ཐིང་གིས་2024ལོའི་ཟླ་10ཚེས་15ཉིན་པར་བརྒྱབ)

↑ ཡུལ་སྨད་ཤང་ཉེ་འགྲམ་གྱི་གཞུང་ལམ།

← པར་གོང་མ་ནི་1997ལོའི་ཟླ་9པའི་ཡུལ་སྨད་ཤང་ཡིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་བསོད་ནམས་ནོར་བུས་པར་བརྒྱབ)

པར་འོག་མ་ནི་2024ལོའི་ཟླ་10ཚེས་14ཉིན་གྱི་ཡུལ་སྨད་ཤང་ཡིན་པ།(ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཏིང་ཐིང་གིས་པར་བརྒྱབ)

↑ པར་གོང་མ་ནི་1997ལོའི་ཟླ་9པར་ཡུལ་སྨད་ཤང་སྲིད་གཞུང་དུ་ཚོགས་འདུར་ཞུགས་བཞིན་པའི་ཡུལ་མི་ཡིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་བསོད་ནམས་ནོར་བུས་པར་བརྒྱབ)

པར་འོག་མ་ནི་2024ལོའི་ཟླ་10ཚེས་15ཉིན་ཡུལ་སྨད་ཤང་གི་ཚོགས་ཁང་དུ་ཚོགས་འདུ་འཚོག་བཞིན་པའི་ལས་བྱེད་པ་དང་མང་ཚོགས་ཡིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཏིང་ཐིང་གིས་པར་བརྒྱབ)

↑ ཡུལ་སྨད་ཤང་གི་ཟུར་ཞིག

↑ པར་གཡོན་མ་ནི་2005ལོའི་ཟླ་7ཚེས་6ཉིན་ཡུལ་སྨད་ཤང་གི་ཕྲུ་གུ་ཁག་གཅིག་ཤང་སྲིད་གཞུང་གི་སྒོ་འགྲམ་དུ་རྩེད་མོ་རྩེ་བཞིན་པ།(ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་བསོད་ནམས་ནོར་བུས་པར་བརྒྱབ)

པར་གཡས་པ་ནི་2024ལོའི་ཟླ་10ཚེས་15ཉིན་ཡུལ་སྨད་ཤང་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཡུལ་སྨད་ཤང་མི་དམངས་སྲིད་གཞུང་གི་སྒོ་འགྲམ་དུ་མཉམ་པར་རྒྱག་བཞིན་པ།

(ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཏིང་ཐིང་གིས་པར་བརྒྱབ)

↑ ཡུལ་སྨད་ཤང་གི་ཡུལ་ལྗོངས།

↑ ཡུལ་སྨད་ཤང་གི་ཟུར་ཞིག

↑ པར་གོང་མ་ནི་2003ལོའི་ཟླ་10ཚེས་26ཉིན་པར་བརྒྱབ་པའི་ཡུལ་སྨད་ཤང་གི་ཟུར་ཞིག་ཡིན་པ།

(ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་བསོད་ནམས་ནོར་བུས་པར་བརྒྱབ)

པར་འོག་མ་ནི་2024ལོའི་ཟླ་10ཚེས་14ཉིན་གྱི་ཡུལ་སྨད་ཤང་གི་ཟུར་ཞིག་ཡིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཏིང་ཐིང་གིས་པར་བརྒྱབ)