《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月22日

ལྗོངས་ཡོངས་ཀྱི་ལྕགས་ལམ་ལམ་སྲུང་མཉམ་འགོག་ལས་དོན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་18ཉིན། ལྗོངས་ཡོངས་ཀྱི་ལྕགས་ལམ་ལམ་སྲུང་མཉམ་འགོག་ལས་དོན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་ནས་2022ལོ་ནས་2023ལོའི་བར་གྱི་ལྕགས་ལམ་ལམ་སྲུང་མཉམ་འགོག་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་གཟབ་རྒྱས་བྱས་པ་མ་ཟད། ལྗོངས་ཡོངས་ཀྱི་ལམ་སྲུང་མཉམ་འགོག་རྩ་འཛུགས་དང་ཕྱོགས་ཁག་གི་ལམ་སྲུང་སྟོབས་ཤུགས་ཀྱིས་ལྕགས་ལམ་སྲུང་མཁན་ཡག་པོ་ཞིག་བྱས་ནས་རྒྱང་ལམ་གསར་པར་འབད་འབུངས་དང་དུས་རབས་གསར་པར་བྱས་རྗེས་འཇོག་དགོས་པའི་སྐུལ་སློང་ཡང་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

ཚོགས་འདུའི་ཐོག་ཉེ་བའི་ལོ་ཤས་རིང་གི་ལྗོངས་ཡོངས་ཀྱི་ལྕགས་ལམ་ལམ་སྲུང་མཉམ་འགོག་གི་བདེ་འཇགས་བརྟན་ལྷིང་ལས་དོན་ལ་ཕྱོགས་སྡོམ་དང་། ལྗོངས་ཡོངས་ཀྱི་ལྕགས་ལམ་ལམ་སྲུང་མཉམ་འགོག་གི་སྔོན་ཐོན་མཉམ་སྡེབ་28དང་སྔོན་ཐོན་མི་སྒེར་130ལ་གཟེངས་བསྟོད། མིག་སྔའི་དུས་བབ་ལ་དབྱེ་ཞིབ་དང་དུས་མཚམས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།

ལིའུ་ཅང་གིས་ནན་བཤད་གནང་དོན། ལྕགས་ལམ་གྱི་བདེ་འཇགས་སྲུང་སྐྱོང་བྱེད་པ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་། དཔལ་འབྱོར་བརྟན་པོ། མི་དམངས་ཀྱི་བདེ་སྐྱིད་བཅས་དང་འབྲེལ་བ་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ལྕགས་ལམ་ལམ་སྲུང་མཉམ་འགོག་རྩ་འཛུགས་དང་ཕྱོགས་ཁག་གི་ལམ་སྲུང་སྟོབས་ཤུགས་ཀྱིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་ཏེ“གཏན་འཁེལ་གཉིས”མཐའ་གཅིག་ཏུ་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”ཐུབ་པར་བྱས་ནས་ལྕགས་ལམ་གྱི་བདེ་འཇགས་སྲུང་སྐྱོང་བྱེད་པ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་དང་རྒྱལ་ཁབ་ཀྱི་ལས་འགན་དུ་བརྩིས་ཏེ་ལྗོངས་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། མཐུན་སྒྲིལ། ཚེ་སྲོག་བཅས་ཀྱི་ལམ་བུ་མཐའ་གཅིག་ཏུ་སྲུང་སྐྱོང་ཡག་པོ་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ“བདེ་འཇགས་དང་པོ་དང་། སྔོན་འགོག་གཙོར་བཟུང་། ཕྱོགས་བསྡུས་བཅོས་སྐྱོང”བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་ལྕགས་ལམ་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ་དང་། ལྕགས་ལམ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ། དུས་བདེའི་ལྕགས་ལམ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཁྲིམས་ལྟར་ལམ་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཆུ་ཚད་དེ་བས་མཐོ་བའི་ས་མཐོའི་ལྕགས་ལམ་བདེ་འཇགས་ཀྱི་རྣམ་པ་ཆེན་པོ་ཞིག་ཧུར་ཐག་གཏོད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་། ལམ་སྲུང་མཉམ་འགོག་གི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ལམ་སྲུང་མཉམ་འགོག་གི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་པ། ལྕགས་ལམ་རྦད་དེ་བདེ་འཇགས་དང་ཤར་བགྲོད་ཐུབ་པའི་འགན་ལེན་བཅས་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ཧུར་ཐག་བྱེད་དགོས།

(ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)