《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月22日

ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་19ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་དང་ལྗོངས་ཁྲིམས་རིག་ཚོགས་པས་མཉམ་འབྲེལ་ཐོག“ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་མཐའ་འཁྱོངས་བྱས་ཏེ་ཁྲིམས་སྐྱོང་ལམ་བུར་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཆེད་དོན་གསོ་སྦྱོང་བྱས་པ་རེད། གསོ་སྦྱོང་འཛིན་གྲྭར་སི་ཁྲོན་སློབ་ཆེན་ཁྲིམས་རིག་སློབ་གླིང་གི་ཡོན་ཀྲང་དང་། དགེ་རྒན་ཆེ་མོ་བ། འབུམ་རམས་པའི་སློབ་དཔོན་བཅས་ཡིན་པའི་ཙུའོ་ཝུའེ་མིན་གདན་དྲངས་ནས་ཆེད་དོན་ཟུར་ཁྲིད་གནང་བ་རེད།

ད་ཐེངས་ཀྱི་གསོ་སྦྱོང་ནང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང་ཁྲིམས་ལྟར་རྒྱལ་སྐྱོང་གི་འབྲེལ་ཡོད་ནང་དོན་ལ་གཙོ་གནད་ཐོག་དམིགས་ནས་གསལ་འགྲེལ་གཏིང་ཟབ་བྱས་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་དོན་སྙིང་ལ་འཆད་འགྲེལ་གཏིང་ཟབ་བྱས་པ། བརྗོད་དོན་གཙོ་བོ་ཁ་གསལ་བ་དང་། མཐོང་རྒྱ་ཆེ་བ། གཏན་ཚིགས་ནན་པ། ནང་དོན་ཕུན་སུམ་ཚོགས་པས་ཆབ་སྲིད་རང་བཞིན་དང་། རིགས་གཞུང་རང་བཞིན། བསམ་བློའི་རང་བཞིན། རིག་གཞུང་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད། གསོ་སྦྱོང་ནང་ཞུགས་མཁན་ལས་བྱེད་ཉེན་རྟོག་པས། ད་ཐེངས་ཀྱི་གསོ་སྦྱོང་ནང་དོན་ཕུན་སུམ་ཚོགས་པ་དང་གཙོ་གནད་མངོན་གསལ་དོད་པས་སློབ་གསོ་ཡག་པོ་ཐེབས་བྱུང་ལ། བློ་སྐྱེད་ཀྱང་ཆེན་པོ་བྱུང་། སླད་ཕྱིན་གྱི་ལས་ཀའི་ཁྲོད་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་སྦྱངས་པ་བེད་སྤྱོད་གཏོང་གི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

(ལྷ་དབང་གིས་བསྒྱུར། བུ་ཁྲིད་ཀྱིས་ཞུས)