《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月22日

ལྷ་སར་རྒྱལ་ཁབ་རིམ་པའི་དྲ་སྦྲེལ་རྐང་འཛིན་ཐད་འབྲེལ་ས་ཚིགས་བསྐྲུན་པའི་ཆོག་མཆན་ཐོབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་20ཉིན་གནས་ཚུལ་འབྱོར་གསལ། གསར་འགོད་པས་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར། ཉེ་ཆར་ལྷ་སའི་རྒྱལ་ཁབ་རིམ་པའི་དྲ་སྦྲེལ་རྐང་འཛིན་ཐད་འབྲེལ་ས་ཚིགས་ཀྱི་འདུན་ཞུར་བཟོ་ལས་དང་ཆ་འཕྲིན་པུའི་མཆན་འགོད་བཀའ་ལན་ཐོབ་པ་རེད།

རྒྱལ་ཁབ་རིམ་པའི་དྲ་སྦྲེལ་རྐང་འཛིན་ཐད་འབྲེལ་ས་ཚིགས་ནི་འཕྲིན་གཏོང་གི་ལྟེ་གནས་གལ་ཆེན་ཞིག་ཡིན་པ་དང་ས་ཁོངས་དང་ཐ་ན་རྒྱལ་ཡོངས་ཀྱི་དྲ་རྒྱའི་དབར་གྱི་རྒྱུགས་འབོར་གཅིག་སྡུད་དང་གཏོང་བའི་ཐད་སྤྱོད་ཀྱི་ཡོད་པས་དེ་ནི་རང་རྒྱལ་གྱི་དྲ་སྦྲེལ་དྲ་རྒྱའི་དབར་གྱི་སྦྲེལ་མཐུད་སྒྲོམ་གཞིའི་འགག་རྩའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པ་རེད། ལྷ་སའི་རྐང་འཛིན་ཐད་འབྲེལ་ས་ཚིགས་བསྐྲུན་རྗེས་དྲ་སྦྲེལ་དྲ་རྒྱའི་ནུས་པ་ལེགས་སུ་གཏོང་བ་དང་དུས་མཚུངས་དྲ་སྦྲེལ་ཐོན་ལས་རང་ལྗོངས་སུ་གཅིག་སྡུད་བྱེད་པར་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱིས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚན་པར་གཞོགས་འདེགས་ཞུས་ནས་མཉམ་དུ་སྐུལ་འདེད་བཏང་སྟེ་འདུན་ཞུའི་ཇུས་གཞི་སྒྲིག་བཟོར་སྒྲིག་འཛུགས་ནན་ཏན་བྱས་པ་རེད། ཟླ་10ཚེས་9ཉིན་བཟོ་ལས་དང་ཆ་འཕྲིན་པུའི་ཏང་ཙུའུ་ཡི་ཤུགས་ཆེའི་རྒྱབ་སྐྱོར་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྐུལ་འདེད་ཤུགས་ཆེན། གློག་འཕྲིན་གཉེར་སྐྱོང་ཁེ་ལས་ཚོགས་པ་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་བཅས་ཀྱི་འོག་འདུན་ཞུའི་ཇུས་གཞིར་བཟོ་ལས་དང་ཆ་འཕྲིན་པུའི་མཆན་འགོད་བཀའ་ལན་ཐོབ་པ་རེད།

རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་བཟོ་ལས་དང་ཆ་འཕྲིན་པུའི་མཆན་འགོད་བཀའ་ལན་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བླང་བྱ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚན་པ་དང་མཉམ་དུ་སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རྐང་འཛིན་ཐད་འབྲེལ་ས་ཚིགས་སྐྲུན་པའི་ལས་འགན་ཁག་ལ་སྐུལ་འདེད་ནུས་ལྡན་བཏང་ནས། རྐང་འཛིན་ཐད་འབྲེལ་ས་ཚིགས་སྔ་ཙམ་བསྐྲུན་ནས་སྤྱོད་ཐུབ་པའི་འགན་ལེན་བྱེད་ཀྱི་ཡིན་ཞེས་བརྗོད།