《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月22日

《དཔལ་ལྡན་རྒྱུད་བཞིའི》རྒྱལ་སྤྱིའི་རིག་གཞུང་སྤེལ་རེས་ཚོགས་འདུ་སྐབས་དང་པོ་ལྷ་སར་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་19ཉིན་གནས་ཚུལ་འབྱོར་གསལ། ཟླ་10ཚེས་18ཉིན། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་རང་སྐྱོང་ལྗོངས་སྨན་རྩིས་ཁང་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས་གཉེར་འགན་འཁུར་བའི《དཔལ་ལྡན་རྒྱུད་བཞིའི》རྒྱལ་སྤྱིའི་རིག་གཞུང་སྤེལ་རེས་ཚོགས་འདུ་སྐབས་དང་པོ་ལྷ་སར་འཚོགས་པ་རེད།

ཚོགས་འདུའི་ཐོག བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་བཏོད་པའི་རང་རྒྱལ་གྱི་བོད་ཀྱི་སྨན་རྩིས་གཞི་གྲངས་ལྟེ་གནས་ཐོག་མ་སྒོ་བྱང་བཀལ་ནས་བཙུགས་པ་རེད། ལྟེ་གནས་དེས་བོད་ཀྱི་སྨན་རྩིས་མཁས་དབང་གྲངས་མཛོད་དང་། སྨན་རྩིས་ཡིག་ཚང་གྲངས་མཛོད། དཔྱད་རྩོམ་གྱི་གྲངས་མཛོད། བོད་སྨན་གྱི་སྨན་སྦྱོར་གྲངས་མཛོད་སོགས་གྲངས་གཞིའི་མཛོད་ཆེ་གྲས་བཅུ་བཙུགས་ཡོད། གྲངས་གཞིའི་མཛོད་ཀྱི་གྲས་སུ་སྨན་རྩིས་ཀྱི་གནའ་དཔེའི་ཚད་ལྡན་ཡིག་ཆའི་བམ་པོ་1700དང་། བོད་ཀྱི་ལོ་ཁྲིའི་ལོ་ཐོའི་གྲངས་གཞིའི་མཛོད་ཀྱི་གྲངས་གཞི་ཁྲི་537 གནམ་རིག་སྐར་རྩིས་ཀྱི་གཞི་གྲངས་ལྟེ་གནས་ཀྱི་གྲངས་གཞི་ཁྲི་8776བཅས་ཚུད་ཡོད། བོད་སྨན་གྱི་སྨན་སྦྱོར་གྲངས་གཞིའི་མཛོད་ནང་བོད་སྨན་གྱི་སྨན་སྦྱོར་གྱི་མིང་དང་། སྨན་སྦྱོར། ཕན་ནུས་གཙོ་བོ་སོགས་ནང་དོན་9700ལྷག་ཙམ་ཚུད་ཡོད།