《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月22日

སྨན་གླིང་གྲོང་ཁྱེར་གནས་ལུང་ཤང་གླང་གོང་གྲོང་ཚོ།

ཡར་བརྩོན་གྱི་སེམས་ཤུགས་ལྡན་ན། བདེ་སྐྱིད་ཀྱི་འཚོ་བ་རིམ་གྱིས་ཡོང་།

2022ལོར། གླང་གོང་གྲོང་ཚོའི་ཕུན་ཚོགས་ཆོས་སྒྲོན་སྨན་གླིང་གྲོང་ཁྱེར་དང་གནས་ལུང་ཤང་གིས་སྒྲིག་འཛུགས་བྱས་པའི་མ་བྱན་གསོ་སྦྱོང་ལ་ཞུགས་ནས་མ་བྱན་གྱི་ལག་རྩལ་བྱང་ཆུབ་པ་གྱུར་པ་མ་ཟད། ལག་ཁྱེར་ཡང་རག་ནས་འཆར་འགོད་ལྟར་ད་ལོ་གྲོང་ཚོའི་ནང་ཇ་ཁང་ཞིག་བཙུགས་པ་དང་། ཇ་ཁང་ལ་ཡོང་མཁན་དེ་ཙམ་མང་པོ་མེད་ཀྱང་ཟླ་རེར་ཡོང་འབབ་སྒོར་1000ལྷག་ཙམ་ཡོང་གི་ཡོད།

ཇ་ཁང་གི་མིང་ལ“ཡར་བརྩོན”ཞེས་བཏགས་དོན་གང་ཡིན་པའི་སྐོར་གླེང་སྐབས་ཁོང་གིས་འཛུམ་དམུལ་དམུལ་ངང“རང་ཉིད་ལ་འགྱུར་ལྡོག་བཏང་སྟེ་དཀའ་སྤྱད་ངལ་རྩོལ་གྱི་ལག་གཉིས་ལ་བརྟེན་ནས་ཕྱུག་པོ་ཆགས་བསམ་པ་རང་ཡིན”ཞེས་བཤད།

གླང་གོང་གྲོང་ཚོ་རྒྱ་ཆེན་པོ་མེད་ལ་དུད་ཁྱིམ་10ཙམ་ལས་མེད། ཉེ་བའི་ལོ་ཤས་རིང་། གྲོང་གསེབ་དར་རྒྱས་གཏོང་བའི་གོམ་སྟབས་མགྱོགས་སུ་ཕྱིན་པ་དང་བསྟུན། ཕུན་ཚོགས་ཆོས་སྒྲོན་དང་འདྲ་བར་གྲོང་མི་ཚོའི་ཡར་བརྩོན་གྱི་འདུ་ཤེས་ཆེ་རུ་སོང་ཡོད། མཉམ་སྡེབ་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དང་འཕྲུལ་ཆས་རུ་ཁག་འཕེལ་རྒྱས་གཏོང་བ་དང་འབྱུང་འཕྲོད་གསོ་ཚགས་བརྒྱུད་མཐའ་མཚམས་གྲོང་ཚོ་ཆུང་ངུ་དེར་གསོན་ཤུགས་གསར་པ་རྒྱས་ཡོད།

མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་པ་ནི་མིག་སྔའི་རང་ལྗོངས་ཀྱི་མཐའ་མཚམས་གྲོང་གསེབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཤུགས་རྒྱག་ས་ཞིག་ཡིན་པས་གླང་གོང་གྲོང་ཚོ་ཡང་དེ་ལས་མ་འདས། གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་བུ་ཆུང་ཚེ་རིང་གིས“འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་རྣམ་གྲངས་མང་བ་མ་ཟད། མི་དང་སྒྲིག་ཆས་ཀྱང་སྤྱོད་རྒྱ་ཆེ་བ་གོ་སྐབས་ཡག་པོ་འདུག”ཅེས་བཤད།

2020ལོར། གླང་གོང་གྲོང་ཚོས་དུད་ཁྱིམ་རེ་ནས་མ་དངུལ་བསྡུས་ནས་འཕྲུལ་ཆས་རུ་ཁག་བཙུགས་ཏེ་རྐོ་འདྲུའི་འཕྲུལ་འཁོར་17དང་སྐྱེལ་འདྲེན་རླངས་འཁོར་3ཉོས་ནས་ཡོང་འབབ་བསགས་པ་མ་ཟད། མཐའ་འཁོར་གྱི་ལམ་སྐྲུན་ལས་གྲྭ་དང་འབྲུབ་འགོག་ཆུ་རགས་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་ཡོད།

གྲོང་མི་པད་མ་བསམ་གྲུབ་ནི་དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན་པ་དང་། ཁོང་ལས་གྲྭའི་འཕྲུལ་ཆས་གཏོང་མཁན་གྱི་གསོ་སྦྱོང་ནང་ཞུགས་པ་བརྒྱུད་རྐོ་འདྲུའི་འཕྲུལ་འཁོར་གཏོང་ཤེས་པར་གྱུར། ལོ་གཉིས་རིང་འཕྲུལ་ཆས་རུ་ཁག་གི་ཁ་ལོ་བ་བྱས་ནས་ལས་ཡུལ་གང་སར་བསྐྱོད་པས་ལོ་ལྟར་གླ་ཆ་སྒོར་ཁྲི་10རག་ཡོད་ཅིང་། སྔོན་ཆད་ཀྱི་དུད་ཚང་དབུལ་པོ་དེ་ཉིད་ད་ཆ་གྲོང་ཚོའི་མི་རྣམས་ཀྱིས་ཡིད་སྨོན་བྱེད་པའི་ཕྱུག་འགྱུར་འཇོན་ཐང་ཅན་དུ་གྱུར་ཡོད།

“སློབ་སྦྱོང་ཡག་པོ་དང་། ལས་ཀ་བརྟན་པོ་གོ་སྐབས་དམ་འཛིན་བཅས་བྱས་ཚེ་མི་སུ་ཡིན་རུང་རང་ཉིད་དང་འཚོ་བར་འགྱུར་ལྡོག་གཏོང་ཐུབ་ལ། ཡར་བརྩོན་གྱི་འཚོ་བ་སྐྱེལ་རྒྱུར་སྔར་བས་གདེང་ཚོད་ཡོད”ཅེས་པད་མ་བསམ་གྲུབ་ཀྱིས་བཤད།

གྲོང་ཚོའི་མཉམ་སྡེབ་ཀྱི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གི་སྐོར་གླེང་ན། སྨན་གླིང་གྲོང་ཨུད་རྩ་འཛུགས་པུས་རོགས་སྐྱོར་མ་དངུལ་བསྡུ་སྒྲིལ་བྱས་པའི་ཁར་གྲོང་མིས་མ་དངུལ་བསྡུ་རུབ་བྱས་ཏེ་ཁྱོན་མ་དངུལ་སྒོར་ཁྲི་26.3བཏང་བས་2022ལོའི་ཟླ་4པར་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གཉེར་འགོ་ཚུཌ་ཤིང་། སྤྲོ་སྐྱིད་ཁང་ནས་སྒྲིག་ཆས་ཆ་ཚང་བ་དང་། ཟ་ཁང་ཡོད་པ། ངལ་གསོ་ས་ཡོད་པ། བོད་པའི་རོལ་རྩེད་རྩེ་ས་ཡོད་པ་མ་ཟད། ཀོང་པོའི་བི་ཤུ་ཉམས་ལེན་ཡང་ཐུབ་ཀྱི་ཡོད་པ་རེད།

ད་ཆ་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དེ་མཉམ་སྡེབ་ངང་གཉེར་གྱི་ཡོད་ལ་གྲོང་ཚོ་ཡོངས་སུ་གྲོང་མི་ཚོགས་ཆུང་4ལ་བགོས་ནས་དུད་ཚང་4རེ་ཚོགས་ཆུང་རེ་བཙུགས་ཏེ་ཚོགས་ཆུང་རེས་ཉིན་5གཉེར་སྐྱོང་བྱེད་པ་དང་། ཉིན་20ཡི་ནང་བརྗེ་རེས་ཐེངས་རེ་བྱས་ནས་ཐོབ་ཆ་ཐེངས་རེ་བགོ་ཡི་ཡོད། ལོ་ལྟར་དུད་ཚང་རེར་ཁྱོན་ཡོང་འབབ་ཁེ་གཙང་སྒོར་7000ཙམ་རག་པ་མ་ཟད། ད་དུང་མཉམ་སྡེབ་ཀྱི་སྣེ་ཁྲིད་དེ་ཡོང་འབབ་སྒོར་ཁྲི་2འཕར་ཡོད་པ་རེད།

གླང་གོང་གྲོང་ཚོར་མི་འབོར་མང་པོ་མེད་ལ་སྐྱེ་ཁམས་ལེགས་ཤིང་། ཕྱོགས་གསུམ་རི་བོས་བསྐོར་བ་དང་ནཌ་ཚལ་གང་སར་ཁྱབ་ཁར་ལྷུང་ལྷུང་དུ་འབབ་པའི་གླང་གོང་ཕུ་ཆུས་ཡངས་པའི་རྩྭ་ཐང་བརླན་པར་བྱས་ཡོད།

ཁྱད་དུ་འཕགས་པའི་ཐོན་ཁུངས་ལ་བརྟེན་ནས་གྲོང་མི་ཚོས་འབྱུང་འཕྲོད་གསོ་ཚགས་ཀྱང་གཉེར་ཞིང་། མིག་སྔར། གྲོང་ཚོ་ཡོངས་ལ་འབྲི་གཡག་དང་། མཛོ་མོ། རྟ། ཕག་པ་སོགས་ཕྱུགས་རིགས་མགོ་གྲངས་1800ཡོད་ཅིང་། ཕྱུགས་རིགས་དང་ཞོར་ཐོན་དངོས་རྫས་ལས་ལོ་ལྟར་མང་ཚོགས་ལ་ཡོང་འབབ་མི་ཉུང་བ་ཞིག་རག་གི་ཡོད་པ་རེད།

གྲོང་མི་ཆོས་ཉིད་སྒྲོལ་མས། ན་ནིང་ལོ་མཇུག་ནས་ད་བར་ངའི་ཁྱིམ་གྱིས་འོ་མ་དང་། མར། ཕྱུར་བ། འབྲི་གཡག་བཅས་བཙོངས་པར་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་རག་བྱུང་ཞེས་གསར་འགོད་པར་བཤད།

འཚོ་བ་ཡག་པོ་སྐྱེལ་རྒྱུ་བྱུང་བ་ནི་ལས་ལ་བརྩོན་པ་ལས་བྱུང་བ་ཡིན། 2023ལོར་གླང་གོང་གྲོང་ཚོ“ལྗོངས་ཡོངས་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་གི་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས”དང་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་གསེབ་དར་རྒྱས་གཏོང་བའི“ཕུལ་བྱུང་གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་ཡག་པོ་བརྒྱ”ལ་བདམས་པ་རེད། གླང་གོང་གྲོང་ཚོར་སྐྱོད་སྐབས་གྲོང་ཚོ་གཙང་ཞིང་གྲལ་འགྲིག་པ་དང་། སྟོན་ཉམས་མཛེས་ཤིང་ལྟ་ན་སྡུག་པ། མང་ཚོགས་ཀྱི་འཚོ་བ་བག་ཕེབས་ཤིང་ཉམས་དགའ་བ་བཅས་ཡོད་པ་རེད། (གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)