《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月22日

2024ལོའི“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”བྱེད་སྒོ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་18ཉིན། “ཉི་འོད་དང་ཡར་ཐོན་ལ་ཕྱོགས”དགུན་དུས་བོད་ལ་ཡུལ་སྐོར་བྱེད་པ་—2024ལོའི“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”འགོ་ཚུགས་མཛད་སྒོའི་བྱེད་སྒོ་རབ་དང་རིམ་པ་བོད་ལྗོངས་ཟློས་གར་ཁང་ཆེ་མོར་གཉེར་བ་དེ་ཐོག་ནས་2024ལོའི“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”བྱེད་སྒོ་འགོ་ཚུགས་པ་མཚོན་གྱི་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་དུ་ཡུལ་སྐོར་བྱེད་ཉུང་བའི་སྐབས་སུའང་ཉུང་ཉུང་མིན་པ་དང་ཡུལ་སྐོར་བ་མང་བའི་སྐབས་སུ་དེ་བས་འཁྲུག་ཆ་དོད་ཅིང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཀོད་པ་གྲུབ་པར་རྒྱུན་མཐུད་སྐུལ་འདེད་གཏོང་ཆེད། རེས་སྐོར་བདུན་པའི“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”བྱེད་སྒོའི་གཟིགས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཡོད་པ་དང་། གཟིགས་སྐྱོང་སྲིད་ཇུས་ཁྱབ་བསྒྲགས་དང་ལག་བསྟར་བྱེད་པའི་དུས་ཚོད་2023ལོ་ལས་ཅུང་སྔ་རུ་བཏང་ཡོད་ཅིང་། བྱེད་སྒོའི་དུས་ཚོད་ནི་2024ལོའི་ཟླ་10ཚེས་15ཉིན་ནས་2025ལོའི་ཟླ་3ཚེས་15ཉིན་བར་ཡིན་པ་རེད།

(བསྟན་བློས་བསྒྱུར། པ་ཕན་གྱིས་ཞུས)