《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月22日

ནག་ཆུ་གྲོང་ཁྱེར་གྱིས།

“ཤུགས་སྣོན་གསུམ”ལ་བརྟེན་ནས་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་ཏང་འཛུགས་སྐྱོང་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་བསམ་བློའི་རྨང་གཞི་བརྟན་པོ་འདིང་བ་དང་། དམག་འཐབ་མཁར་རྫོང་གི་ནུས་པ་ཆེ་རུ་གཏོང་བ། སྣེ་ཁྲིད་ཀྱི་ནུས་པ་འདོན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ལྷག་བསམ་རྣམ་དག་གིས་ཡག་པོ་བསྒྲུབས་ཏེ། ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་ཏང་འཛུགས་སྐྱོང་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བ་རེད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

ཀྲི་པུའི་སློབ་སྦྱོང་ཚོགས་འདུ་དང་། གསོ་སྦྱོང་འཛིན་གྲྭ བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ། “སྒོ་རྩར་སློབ་ཁྲིད་བྱེད་པ” “སྐད་འཕྲིན་སློབ་རོགས”སོགས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་བྱས་པ་བརྒྱུད་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྣ་ཚོགས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། ད་དུང་ཁོང་ཚོར་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་བསམ་བློའི་རྨང་གཞི་བརྟན་པོ་འདིང་བ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་ཐོག་མཐའ་བར་གསུམ་དུ“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ཀྱིས་བརྩི་སྲུང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱ་རྒྱུའི་ཁྲིད་སྟོན་ཡང་བྱས་པ་རེད།

“སློབ་གསོ་དང་དོ་དམ་ལ་ཕན་པ་དང་། བྱེད་སྒོ་སྤེལ་བར་ཕན་པ། ནུས་པ་འདོན་པར་ཕན་པ”བཅས་ཀྱི་རྩ་དོན་ལྟར། གྲོང་ཁྱེར་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་དང་ཏང་ཡོན་གྱི་ལོ་ཚད་དང་། སྤྲོ་སྣང་དང་དགའ་ཕྱོགས། སྡོད་ཁུལ་སོགས་ལ་དབྱེ་ཞིབ་བྱས་རྗེས་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་ཏང་རྩ་འཛུགས་བཙུགས་ནས་ཏང་རྩ་འཛུགས་མཐོང་རྒྱུ་ཡོད་པ་དང་ཕན་ནུས་ཡོད་པའི་སྒོ་ནས་ཀུན་ལ་ཁྱབ་པར་བྱས་པ་དང་། མཉམ་སྐྲུན་མཉམ་སློབ་དང་། མཉམ་སྒྲུབ་བྱེད་སྒོ། མཉམ་སྤྱོད་ཐོན་ཁུངས་སོགས་ཀྱི་རྣམ་པའི་ཐོག་ནས་སྡེ་ཁུལ་ཏང་རྩ་འཛུགས་དང་མཉམ་དུ་མཉམ་སྐྲུན་མཉམ་འཛུགས་བྱེད་སྒོ་སྤེལ་ནས། ཕྱོགས་གཉིས་པོའི་ཏང་རྩ་འཛུགས་ཀྱིས་ཕན་ཚུན་རོགས་རམ་དང་། ཕན་ཚུན་སྐུལ་འདེད། གཉིས་ཁེ་གཉིས་ཕན་ཡོང་བར་བྱས་པ་རེད།

“རང་མོས་ངང་ཞུགས་པ་དང་། ནུས་པས་ལྕོགས་ཚོད་ཀྱིས་སྒྲུབ་པ། ལེགས་ཆ་བསྡུ་བ། དགེ་མཚན་འདོན་པ”བཅས་ཀྱི་རྩ་དོན་ལྟར། “དབུ་དཀར”ཤེས་ལྡན་པའི་མཛོད་བཙུགས་ནས་ཚན་རྩལ་དང་། སློབ་གསོ། སྨན་བཅོས། ཞིང་འབྲོག་སོགས་ཐད་ཀྱི་དམིགས་བསལ་ཡོན་ཏན་ལྡན་པའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་སྒྲིག་འཛུགས་ཀྱིས་གྲོང་གསེབ་དར་རྒྱས་ནང་ཞུགས་ནས་མཛེས་ལྡན་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། གཞི་རིམ་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ལས་དོན་གྱི་བླང་བྱ་དོན་འཁྱོལ་དང“ཏང་ཡོན་གྱི་འབྱོར་ཐོ་ཉིས་འགོད”ལམ་ལུགས་ལག་བསྟར་བྱས་ཐོག་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་དང་ཏང་ཡོན་འགལ་བ་དང་རྩོད་གཞི་འདུམ་སྒྲིག་དང་། དྲ་མིག་ཅན་དོ་དམ། སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་། སྲིད་ཇུས་སྒྲོག་འགྲེལ། མི་རིགས་རིག་གནས་དྲིལ་བསྒྲགས། ཐབས་འདོན་ཇུས་འབུལ་སོགས་ཀྱི་བྱེད་སྒོར་ཧུར་ཐག་ཞུགས་རྒྱུའི་སྒྲིག་འཛུགས་བྱས་ནས། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། གཞི་རིམ་བཅོས་སྐྱོང་། དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ཐད“དབུ་དཀར”ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་ཏེ“དབུ་དཀར”གྱི་ནུས་པ་བཏོན་པ་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། བསོད་བདེ་ཆེ་བས་ཞུས)