《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月22日

ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ཕུའུ་

ལ་པོ་ཝོ་ཡིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གི་

འགན་བཞེས་པར་རྟེན་འབྲེལ་ཞུས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུའུ་ལ་པོ་ཝོ·སུའུ་པི་ཡན་ཏུའོ་ལ་གློག་འཕྲིན་བཏང་ནས་ཁོང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་ནི་སྲོལ་རྒྱུན་གྱི་མཛའ་གཅུགས་ཁྱིམ་མཚེས་རྒྱལ་ཁབ་ཡིན། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་མཐུད་དང་བརྟན་པོའི་ངང་ལེགས་སུ་ཕྱིན་ནས་ཐུན་མོང་ཐོག་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་དུས་མཚམས་གསར་པར་སླེབས་ཡོད། སང་ལོ་ནི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་ལོ་ཞིག་ཡིན་པས་ཕྱོགས་གཉིས་པོའི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་གོ་སྐབས་གསར་པ་མཁོ་འདོན་བྱ་རྒྱུ་རེད། ངས་ཙུང་ཐུང་ཕུའུ་ལ་པོ་ཝོ་དང་འཐབ་ཇུས་འབྲེལ་མཐུད་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡས་ཐུན་མོང་ཐོག་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་རྒྱུན་ཆད་མེད་པར་ཁྲིད་སྟོན་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་མཉམ་འབྲེལ་ཡར་ཐོན་དང་། མཐུན་སྒྲིལ་རོགས་ལས། གཉིས་ཁེ་གཉིས་ཕན་བཅས་ཀྱི་ལེའུ་གསར་པ་ཞིག་རྩོམ་འདོད་ཡོད་ཅེས་གསུངས་པ་རེད།