《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月21日

2024ལོའི་ཀྲུང་གོའི་ཅིང་ཏེ་ཀྲེན་གྱི་རྒྱལ་སྤྱིའི་རྫ་ཆས་དངོས་མང་སྟོན་ཚོགས་འགོ་ཚུགས་པ།

↑ཉིན་ཤས་གོང་། 2024ལོའི་ཀྲུང་གོའི་ཅིང་ཏེ་ཀྲེན་གྱི་རྒྱལ་སྤྱིའི་རྫ་ཆས་དངོས་མང་སྟོན་ཚོགས་ཅང་ཤིས་ཅིང་ཏེ་ཀྲེན་ཐའོ་པོ་ཁྲེང་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་འགོ་ཚུགས་པ་དང་རྒྱལ་ཁབ་དང་ས་ཁུལ་12ཀྱི་ཁེ་ལས་1100ལྷག་ཙམ་འགྲེམས་སྟོན་ལ་ཞུགས་ཡོད། དངོས་མང་སྟོན་ཚོགས་རིང་ད་དུང་ཅིང་ཏེ་ཀྲེན་གྱི་གླེང་སྟེགས་དང་ཅིང་ཏེ་ཀྲེན་གྱི་རྒྱལ་ཁབ་རྫ་ཆས་རིག་གནས་རྒྱུན་འཛིན་གསར་གཏོད་ཚོད་ལྟ་ཁུལ་གྱི་འཕེལ་རྒྱས་གླེང་སྟེགས། ཀྲུང་གོའི་རྫ་ཆས་སྒྱུ་རྩལ་འཕེལ་རྒྱས་ཚོགས་ཆེན། རྒྱལ་ཡོངས་སློབ་ཆེན་གྱི་རྫ་ཆས་སྒྱུ་རྩལ་འགྲེམས་སྟོན་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད། འདི་ནི་འགྲེམས་སྟོན་ལ་ཞུགས་མཁན་ཕྱི་རྒྱལ་གྱི་ཚོང་པ་ཞིག་གིས་2024ལོའི་ཀྲུང་གོའི་ཅིང་ཏེ་ཀྲེང་རྒྱལ་སྤྱིའི་རྫ་ཆས་དངོས་མང་སྟོན་ཚོགས་ནས་རྫ་ཆས་འདེམས་བཞིན་པ།